མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཚོང་གཏམ་གྲོས་ཚོགས་ཀྱི་གྲ་སྒྲིག་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་པར་སྐུལ་འདེད་བཏང་།
2017.05.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 2

ཉེ་ལམ། གསར་འགོད་པས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དཔལ་འབྱོར་ཚོང་དོན་དང་ཆ་འཕྲིན་ཅན་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཉིས་སྟོང་བཅུ་བདུན་ལོའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱི་སྤྱིའི་འཆར་འགོད་དང་། རྩ་འཛུགས་བྱ་བའི་ཇུས་གཞི་དང་གདན་འདྲེན་ཇུས་གཞིའི་རེ་བ་གཞིར་བཟུང་ནས། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་སྔོན་ལ་ཇུས་འགོད་དང་སྔོན་ལ་གྲ་སྒྲིག་བྱེད་པ། སེམས་ཞིབ་མོས་རྩ་འཛུགས་བྱས་ནས་གཟབ་ནན་གྱིས་ཚོང་བ་གདན་འདྲེན་བྱེད་པ་དང་འགྲེམ་སྟོན་སོགས་རིགས་སོ་སོའི་བྱ་བར་སྐུལ་འདེད་གཏོང་བཞིན་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན། ཚོང་བ་གདན་འདྲེན་བྱེད་པ་སོགས་ཀྱི་བྱ་བ་བཟང་བོར་བསྒྲུབ་ཆེད། ཟླ་བཞི་བའི་ཟླ་དཀྱིལ་ལ་མཚོ་ལྷོ་ཁུལ་ཏང་ཨུའི་མགོ་ཁྲིད་གཙོ་བོས་སྣེ་ཁྲིད་དེ་ཅང་སུའུ་དང་ཧྲིན་ཀྲིན་སོགས་སུ་སོང་ནས་ཚོང་བསྡུ་བྱ་འགུལ་སྤེལ་བ་དང་། ཧྭ་ཝེས་དང་པོའི་ཡ་ཏའི་ཚོགས་ཁག་གཉིས་བར་མ་དངུལ་བཏང་སྟེ་མཚོ་ལྷོ་ཁུལ་གྱི་གཞི་གྲངས་ཆེན་པོའི་ལས་གཞི་དང་རྨ་ཆུའི་ཡུལ་སྐོར་ལས་གཞི་འཛུགས་སྐྲུན་བྱེད་པའི་གྲོས་མཐུན་བཀོད།

མིག་སྔའི་བར། ཚོང་གཏམ་གྲོས་ཚོགས་ཀྱི་ལས་གཞི་བཅུ་དགུའི་མིང་འགོད་བྱ་བ་དོན་འཁྱོལ་བྱས་ཡོད་པ་དང་སྤྱིའི་མ་དངུལ་སྒོར་ཐེར་འབུམ་གསུམ་ལྷག་ཡིན།

མཚོ་ལྷོ་ཁུལ་གྱིས་ད་རུང་རྩ་འཛུགས་མགོ་ཁྲིད་དང་ལས་གཞི་ལེགས་འདེམས། ཞབས་ཞུ་འགན་སྲུང་། བདེ་འཇགས་དོ་དམ་སོགས་གནད་འགག་དམ་འཛིན་བྱས་ཏེ་ཚོང་གཏམ་གྲོས་ཚོགས་ཀྱི་འབྲེལ་ཡོད་བྱ་བ་བཟང་བོར་བསྒྲུབ་པར་གཞོགས་འདེགས་བྱེད་བཞིན་ཡོད།