མཚོ་ནུབ་ཁུལ་གྱིས་ཕྱོགས་བསྡུས་བཅོས་སྐྱོང་གནས་ཚུལ་ཐད་ཀྱི་ཁྲིམས་འཛིན་ཞིབ་བཤེར་སྤེལ།
2017.05.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 4

ཉེ་སྔོན། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དམངས་འཐུས་ཚོགས་ཆེན་ཁྲིམས་ལུགས་མི་རིགས་ཨུ་ཡོན་ལྷན་ཁང་དང་། ཁྲིམས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་། ཁུལ་ཕྱོགས་བསྡུས་བཅོས་སྐྱོང་གཞུང་སྒྲུབ་ཁང་བཅས་ཀྱི་འབྲེལ་ཡོད་འགན་ཁུར་མི་སྣས་གྲུབ་པའི་ཞིབ་བཤེར་ཚན་ཆུང་ན་གོར་མོ་གྲོང་ཁྱེར་དང་གཏེར་ལེན་ཁ་གྲོང་ཁྱེར་སོགས་ས་ཁུལ་བརྒྱད་ཀྱི་ཞང་དང་གྲོང་རྡལ་དང་། སྡོད་ཁུལ། སློབ་གྲྭ་བཅས་སུ་སོང་ནས། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་སྤྱི་ཚོགས་བདེ་སྐྱོང་ཕྱོགས་བསྡུས་བཅོས་སྐྱོང་སྲོལ་ཡིག་ལག་བསྟར་བྱས་པའི་གནས་ཚུལ་ཐད་ནས་ཁྲིམས་འཛིན་ཞིབ་བཤེར་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་ཁྲིམས་འཛིན་ཞིབ་བཤེར་ཁྲོད་རྙེད་པའི་གནད་དོན་ལ་ཁ་གཏད་དེ། ཞིབ་བཤེར་ཚན་ཆུང་གིས་འབྲེལ་ཡོད་གྲོས་གཞི་བཏོན། དེ་ནི་དྲིལ་སྒྲོག་སློབ་གསོའི་ལམ་བུ་རྒྱ་བསྐྱེད་པ་བརྒྱུད་དེ། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་དང་བློ་སྦྱོང་ཇེ་མཐོར་བཏང་བ་དང་། ཕྱོགས་བསྡུས་བཅོས་སྐྱོང་བྱ་བ་ལག་བསྟར་བྱས་པ་མི་བཟང་བའི་སྡེ་ཁག་ལ་འགན་འཁྲི་རྩད་གཅོད་ནན་མོ་བྱེད་པ་དང་། ཕྱོགས་བསྡུས་བཅོས་སྐྱོང་གི་ཁོངས་གཏོགས་ལས་ཁུངས་ཀྱི་དྲིལ་སྒྲོག་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། སྤྱི་ཚོགས་ལས་རིགས་སོ་སོ་སྤྱི་ཚོགས་བདེ་སྐྱོང་ཕྱོགས་བསྡུས་བཅོས་སྐྱོང་བྱ་བའི་ཁྲོད་ཞུགས་པར་སྣེ་ཁྲིད་བྱེད་དགོས། ཆེད་བསྐོས་ལས་བྱེད་མི་སྣ་བཀོད་སྒྲིག་བྱས་པ་དང་། རིམ་པ་སོ་སོའི་ཕྱོགས་བསྡུས་བཅོས་སྐྱོང་ཐད་ཀྱི་ལས་བྱེད་མི་སྣའི་གསོ་སྦྱོང་ལ་ཤུགས་བསྣན་ནས། ཕྱོགས་བསྡུས་བཅོས་སྐྱོང་ཐད་ཀྱི་དཔུང་སྡེའི་བྱ་བའི་ནུས་པ་མཐོར་འདེགས་བྱེད་པ་དང་། ཕྱོགས་བསྡུས་བཅོས་སྐྱོང་ལས་ཁུངས་དང་ཕྱོགས་བསྡུས་བཅོས་སྐྱོང་ཐད་ཀྱི་ཁོངས་་གཏོགས་ལས་ཁུངས་ཀྱིས་སྲོལ་ཡིག་ཁྱོན་ཡོངས་ནས་ལག་བསྟར་བྱེད་པར་ཞིབ་བཤེར་དང་ལྟ་སྐུལ་བྱེད་དགོས། ད་ལྟ་བཀོལ་སྤྱོད་བྱེད་བཞིན་པའི་སྲོལ་ཡིག་གི་དོན་ཚན་སྐོར་ཞིག་དང་མིག་སྔར་གྱི་ཕྱོགས་བསྡུས་བཅོས་སྐྱོང་བྱ་བའི་ཐད་ཀྱི་བསམ་ཕྱོགས་གསར་བ་དང་འདུ་ཤེས་གསར་བ། རེ་བ་གསར་བའི་ཐད་གནས་པའི་མཐུན་སྦྱོར་མིན་པ་དང་གཅིག་འདྲ་མིན་པའི་གནས་ཚུལ་ཁ་ཤས་ལ་ཁ་གཏད་དེ། དུས་ལྟར་སྲོལ་ཡིག་གི་འབྲེལ་ཡོད་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། སྡེ་ཁག་དང་སྤྱི་དམངས་ཀྱི་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ། སྤྱི་ཚོགས་འགན་སྲུང་དང་བྱ་དགའ། ཆད་པ་གཅོད་པ་སོགས་དོན་ཚན་ཐད་ནས་ཇེ་ཞིབ་ཏུ་བཏང་སྟེ། བཟོ་བཅོས་བྱས་རྗེས་ཀྱི་སྲོལ་ཡིག་དེ་གནས་བབ་དང་སྔར་ལས་མཐུན་པར་བྱེད་དགོས། མི་ཤུགས་དང་དངོས་རྫས། ལག་རྩལ། སེམས་ཤུགས། དྲ་རྒྱ་བཅས་ལ་བརྟེན་ནས་འགོག་བཅོས་བྱེད་པ་དང་སྔོན་འགོག་བཅས་གཞི་གཅིག་ཅན་གྱི་དྲུག་འགོག་བཟོ་སྐྲུན་ལ་གཅིག་གྱུར་སྒོས་འཆར་འགོད་བྱེད་པ་དང་། ས་གནས་གཙོ་བོ་དང་ལྷག་པར་དུ་རོང་འབྲོག་ཁུལ་གྱི་བརྙན་རིས་ལྟ་རྟོག་མ་ལག་འཛུགས་སྐྲུན་ལ་ཤུགས་བསྣན་ནས། འགོག་བཅོས་དང་དོ་དམ། ཚོད་འཛིན་གཞི་གཞི་ཅན་དང་། ཆ་འཕྲིན་ཐོན་ཁུངས་གཞི་གཅིག་ཅན་གྱི་སྤྱི་ཚོགས་བདེ་སྐྱོང་ཚོད་འགོག་མ་ལག་གྲུབ་པར་བྱེད་པ་དང་། སྤྱི་ཚོགས་བཅོས་སྐྱོང་གི་རྣམ་པ་གསར་བ་འཛུགས་སྐྲུན་བྱེད་དགོས་པ་དེ་རེད།