མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་གིས་སྡེ་བ་རིམ་པའི་རྗེས་གྲབས་སྟོབས་ཤུགས་འཛུགས་སྐྲུན་བྱེད་ཤུགས་ཇེ་དྲག་ཏུ་བཏང་།
2017.05.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 3

 མགྱོགས་མྱུར་གྱིས་སྤྱི་ཚོགས་རིང་ལུགས་ཀྱི་ཞིང་སྡེ་གསར་བ་འཛུགས་སྐྲུན་བྱེད་པའི་ལས་འགན་གསར་བ་དང་རྣམ་པ་གསར་བར་དམིགས་ནས། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་གིས་གདམ་གསེས་དང་སློབ་གསོ། དོ་དམ་བཅས་ཟུང་འབྲེལ་བྱེད་པའི་ཡུན་ཕན་ནང་རྐྱེན་བཙུགས་ནས་སྡེ་བ་རིམ་པའི་རྗེས་གྲབས་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་བསྣན།

བྱ་བའི་ཁྲོད། ཐུན་ཏེ་རྫོང་གིས་སྡེ་བ་རིམ་པའི་རྗེས་གྲབས་ལས་བྱེད་པ་གདམ་གསེས་བྱེད་པའི་ཚད་གཞི་གཏན་ཁེལ་བྱས་པ་བརྒྱུད་ནས། སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་། སྡེ་བའི་གུང་གཞོན་ཚོགས་པའི་ཀྲི་པུའུ་སོགས་ཀྱིས་རྩ་འཛུགས་དང་འོས་སྦྱོར་བྱེད་པ་དང་ཡང་ན་སྡེ་བ་དེའི་མང་ཚོགས་རྣམས་ཀྱིས་འོས་སྦྱོར་བྱེད་པའི་ཐབས་ལ་བརྟེན་ནས་སྡེ་བ་རིམ་པའི་རྗེས་གྲབས་ལས་བྱེད་པ་འོས་སྦྱོར་བྱེད་པའི་བྱ་བ་སྤེལ། སྡེ་བའི་རྗེས་གྲབས་ལས་བྱེད་པ་དག་གཙོ་བོར་ཚོགས་པ་རྩ་འཛུགས་ཀྱི་འགན་ཁུར་མི་སྣ་དང་དམག་དཔུང་ལས་ཕྱིར་བུད་པའི་དམག་མི། ལས་སྐྲུན་བྱ་བའི་ན་གཞོན་སོགས་ཀྱི་ཁྲོད་ནས་གདམ་གསེས་བྱེད་རྒྱུ་རེད། རྫོང་ཏང་ཨུའི་རྩ་འཛུགས་པུའུ་དང་ཏང་གི་སློབ་གྲྭ དམངས་སྲིད་སོགས་སྡེ་ཁག་དང་ཞང་གྲོང་གི་ཏང་ཨུས་སྡེ་བ་རིམ་པའི་རྗེས་གྲབས་ལས་བྱེད་པར་གསོ་སྦྱོང་བྱེད་པ་དེ་སྡེ་བའི་ལས་བྱེད་པ་གསོ་སྦྱོང་བྱེད་པའི་འཆར་གཞིའི་ཁྲོད་བཞག་པ་དང་མ་དངུལ་གཏོང་ཤུགས་ཇེ་ཆེར་བཏང་ནས་གསོ་སྦྱོང་གི་ཤུགས་ཚད་ཇེ་དྲག་ཏུ་བཏང་བ་དང་སྡེ་བ་རིམ་པའི་རྗེས་གྲབས་ལས་བྱེད་པའི་གསོ་སྦྱོང་དང་སྡེ་བའི་ལས་བྱེད་པ་གཙོ་བོའི་གསོ་སྦྱོང་ཟུང་འབྲེལ་བྱས་ཏེ་སྔར་ལས་ལྷག་པའི་སྒོ་ནས་རྗེས་གྲབས་ལས་བྱེད་པའི་སྤྱི་ཚོགས་ཀྱི་ངོས་ཟིན་དང་རྩ་འཛུགས་མཐུན་སྦྱོར་སོགས་ཀྱི་ནུས་པ་མཐོར་འདེགས་སུ་བཏང་།