མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་དང་མདའ་བཞི་རྫོང་ཏང་ཨུ་གཉིས་ཀྱིས་སློབ་གྲྭ་དང་ས་ཁུལ་གྱི་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་བཀོད།
2017.05.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 7

 ཟླ་ལྔ་བའི་ཚེས་བཅུ་དྲུག་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་ཏང་ཨུ་གཉིས་ཀྱིས་སློད་གྲྭ་དང་ས་ཁུལ་གྱི་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་བཀོད། གྲོས་མཐུན་ལྟར་ན། ཕྱོགས་གཉིས་ཀྱིས་སློབ་གྲྭའི་གསོ་སྦྱོང་དང་ཚན་རིག་ཞིབ་འཇུག ཐབས་ཇུས་བློ་འདྲི། ཤེས་ལྡན་མི་སྣ་གསོ་སྐྱོང་སོགས་ཕྱོགས་ནས་འཐབ་ཇུས་མཉམ་ལས་བྱེད་རྒྱུ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། མདའ་བཞི་རྫོང་ཏང་ཨུ་དང་མཉམ་དུ་སློབ་གྲྭའི་འཐས་ཇུས་མཉམ་ལས་སྤེལ་བ་ནི་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭས་ཞིང་ཆེན་ཡོངས་ཀྱི་ཏང་གི་སློབ་གྲྭའི་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་།  མཚོ་སྔོན་ཞིང་ཆེན་ཏང་ཨུས་རྣམ་པ་གསར་བའི་འོག་གི་ཏང་གི་སློབ་གྲྭའི་བྱ་བའི་འབྲེལ་ཡོད་ལག་བསྟར་བསམ་འཆར་དང་ཞིང་ཆེན་ཡོངས་ཀྱི་ཏང་གི་སློབ་གྲྭའི་སྲིད་འཛིན་སློབ་གླིང་དང་སྤྱི་ཚོགས་རིང་ལུགས་སློབ་གླིང་གི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་ཀྱི་འཛུགས་སྐྲུན་དང་འཕེལ་རྒྱས་རྩ་གནད་ལ་ཤུགས་སྣོན་དང་བཅོས་སྒྱུར་བྱེད་པའི་ནུས་ཡོད་བྱེད་ཐབས་ཡིན་པ་དང་ཞིང་ཆེན་དང་ཁུལ། རྫོང་བཅས་རིམ་པ་གསུམ་གྱི་ཏང་གི་སློབ་གྲྭས་མཉམ་འགུལ་བྱེད་པར་ཤུགས་བསྣན་ཏེ་ཞིང་ཆེན་ཏང་གི་སློབ་གྲྭས་སློབ་གསོའི་གསོ་སྦྱོང་དང་གཞུང་ལུགས་ཞིབ་འཇུག བསམ་བློའི་སྣེ་ཁྲིད། ཐབས་ཇུས་བློ་འདྲི་སོགས་ཕྱོགས་ཀྱི་དགེ་མཚན་གྱིས་མདའ་བཞི་རྫོང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ནུས་ཡོད་ཞབས་ཞུ་འདོན་སྤྲོད་བྱེད་པའི་ཆེད་རེད།