ཁྱུང་རུ་རྟགས་མའི་བོད་ཁམས་འཁྲབ་གཞུང་འགྲན་སྡུར་སྐབས་དང་པོའི་བྱ་དགའ་སྟེར་བའི་མཛད་སྒོ་ཟི་ལིང་དུ་བསྡུས་པ།
2017.05.22 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 15

 རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་རྟ་མགྲིན་སྐྱབས་དང་སྟོབས་ལྡན་རྒྱལ་གཉིས་ཀྱིས་བཀོད་པའི་གསར་འགྱུར། 

དཔྱིད་ཟླ་མགོ་མའི་མྱུ་གུའི་སྟངས་སྟབས་དང་ཁུ་བྱུག་གི་གསུང་སྐད་དབུས་ནས་ཟི་ལིང་བན་ཏཱ་གསོལ་མགོྲོན་ཁང་གི་སྒོ་འགྲམ་དུ་བོད་ལྭ་གྱོན་པའི་མི་ཚོགས་ལང་ལོང་དུ་རྒྱུ་ཞིང་། འཚང་ཁ་ཤིག་ཤིག་གིས་ཐོག་ཁང་ནང་དུ་སྐྱོད་ཀྱིན་འདུག  མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་གློག་བརྙན་ཁྲུའུ་དང་། ཁྱུང་ཆེན་བརྙན་གླིང་རིག་གནས་ཁྱབ་སྤེལ་ཚད་ཡོད་འགན་ལེན་ཀུང་ཟིས་གཙོ་སྒྲུབ་དང་། མཚོ་སྔོན་དཔལ་ཡུལ་ཁང་ལས་གསར་སྤེལ་ཀུང་ཟི་དང་། ཁྲི་ཀ་མ་ཎི་འཁོར་ཆེན་ལྗོངས་ཁུལ་ལྟེ་གནས། མཚོ་སྔོན་ཨ་ཁུ་པདྨ་མི་རིགས་རིག་གནས་ཚད་ཡོད་ཀུང་ཟི། མཚོ་སྔོན་གཡང་དཀར་གྱོན་ཆས་ཚད་ཡོད་ཀུང་ཟི་བཅས་ཀྱིས་རོགས་སྒྲུབ་བྱས་པའི་ཁྱུང་རུ་རྟགས་མའི་བོད་ཁམས་གློག་བརྙན་འཁྲབ་གཞུང་གསར་རྩོམ་འགྲན་སྡུར་སྐབས་དང་པོའི་བྱ་དགའ་སྟེར་བའི་མཛད་སྒོ་ཟླ་ལྔ་བའི་ཚེས་ཉེར་གཉིས་ཉིན་གྱི་ཕྱི་དྲོའི་དུས་ཚོད་གཉིས་ཀྱི་སྟེང་ཟི་ལིང་བན་ཏཱ་གསོལ་མགྲོན་ཁང་དུ་གཟབ་རྒྱས་ངང་བསྡུས་ཤིང་། གློག་བརྙན་ལས་རིགས་ཐད་ཀྱི་ཆེད་མཁས་པ་དང་དཔྱད་འདེམས་པ། གསར་འགྱུར་སྡེ་ཁག་སོ་སོའི་གསར་འགོད་པ་སོགས་སྐུ་མགྲོན་ཉིས་བརྒྱ་ལྷག་མཛད་སྒོར་ཞུགས།  ཐེངས་འདིའི་འཁྲབ་གཞུང་གསར་རྩོམ་འགྲན་སྡུར་གྱི་དཔྱད་འདེམས་པ་ནི་བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་དང་། མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ལུང་རིན་ཆེན། སྒྲུང་གཏམ་རྩོམ་པ་པོ་སྟག་འབུམ་རྒྱལ། བོད་ཀྱི་གློག་བརྙན་ཡིག་བསྒྱུར་ཆེད་མཁས་པ་ཕག་མོ་བཀྲ་ཤིས། བོད་ཀྱི་ན་གཞོན་གློག་བརྙན་འཁྲབ་ཁྲིད་པ་ཟོན་ཐར་རྒྱལ་བཅས་ཡིན། 

རྒྱུས་ལོན་བྱུང་བ་ལྟར་ན། ཐོག་མའི་འགྲན་སྡུར་ནང་ཞུགས་པའི་འཁྲབ་གཞུང་བརྩམས་ཆོས་བཞི་བཅུ་ལྷག་འབྱོར་ཞིང་། དཔྱད་འདེམས་པ་རྣམས་ཀྱིས་དྲང་བདེན་དང་རྒྱུ་འབྲས་མ་ནོར་བར་རག་ལྟ་ཞིབ་ལྟ་སོགས་རིམ་པ་དུ་མའི་དཔྱད་བསྡུར་བྱས་པ་བརྒྱུད། ཕུལ་བྱུང་བརྩམས་ཆོས་དགུ་བདམས་ཤིང་། དེ་ལས་དཔྱད་འདེམས་ཚན་ཆུང་གྱི་བདམས་ཐོན་འབྲས་བུ་ལྟར་གཟིའི་ཁྱུང་རུ་རྟགས་མ་དང་གཡུའི་ཁྱུང་རུ་རྟགས་མ། བཻཌུརྱྰའི་ཁྱུང་རུ་རྟགས་མ་བཅས་ཐོབ་མཁན་གྱི་འཁྲབ་གཞུང་བརྩམས་ཆོས་གསུམ་ཁྱབ་བསྒྲགས་བྱས་པ་སྟེ། སོ་སོར་ཨང་དང་པོ་ནི་ཆུ་ཀྱ་དབང་མཆོག་འབུམ་གྱི་བརྩམས་ཆོས༼སྨུག་ལམ་རིང་མོ༽ཞེས་པ་དང་། ཨང་གཉིས་པ་ཝང་ཙེ་ཧུང་དང་། དར་རྒྱས་བསྟན་འཛིན་གཉིས་ཀྱི་བརྩམས་ཆོས༼གྲོང་ཆུང་གསེར་མདའ༽ཞེས་པ། ཨང་གསུམ་པ་ཚེ་རིང་དབང་ཕྱུག་གི་བརྩམས་ཆོས༼གའུ༽དང་། ཨ་གནམ་ཡེ་ཤེས་རྡོ་རྗེ་ཡི་བརྩམས་ཆོས ༼ངའི་མིང་ཡིག་ཇི་ལྟར་འབྲི   ༽ཞེས་པ་བཅས་ཡིན།

 

 

གློག་བརྙན་འཁྲབ་གཞུང་འགྲན་སྡུར་གྱི་ལས་རིམ་འདི་ནི་གཙོ་བོ་བོད་ཀྱི་གློག་བརྙན་ལས་རིགས་ཀྱི་ལམ་ཁ་སྔར་ལས་ཡངས་བོ་འབྱུང་བ་དང་གློག་བརྙན་ལས་རིགས་ཐད་ཀྱི་འཇོན་མི་སྐྱེད་སྲིང་དང་སྔོག་འདོན་ལ་དམིགས་བཙུགས་ནས་སྒྲུབ་པ་ཞིག་ཡིན་ལ། མཛད་སྒོའི་སྟེང་ཕྱོགས་སོ་སོའི་ཆེད་མཁས་པ་རྣམས་ཀྱིས་རེབ་འདིའི་བྱ་དགའ་ཐོབ་པའི་འཁྲབ་གཞུང་རྩོམ་པ་པོ་རྣམས་ལ་རྟེན་འབྲེལ་ཞུས་པ་དང་ཆབས་ཅིག བོད་ཀྱི་གློག་བརྙན་ལས་རིགས་ཀྱི་གནས་བབ་དང་མདུན་ལམ་གྱི་ཐད་ནས་གཏམ་བཤད་གནང་བར་མ་ཟད། སྐབས་གཉིས་པའི་ཁྱུང་རུ་རྟགས་མའི་འཁྲབ་གཞུང་གསར་རྩོམ་འགྲན་སྡུར་གྱི་བརྩམས་ཆོས་བསྡུ་མགོ་བརྩམས་པ་ཁྱབ་བསྒྲགས་དང་བོད་ཀྱི་གློག་བརྙན་ལས་འཆར་གྱི་ལས་དོན་བདེ་བླག་ངང་འཕེལ་རྒྱས་འགྲོ་བའི་ཁ་གཡང་དང་བཅས་ཐེངས་འདིའི་ཁྱུང་རུ་རྟགས་མའི་འཁྲབ་གཞུང་གསར་རྩོམ་འགྲན་སྡུར་སྐབས་དང་པོའི་བྱ་དགའ་སྟེར་བའི་མཛད་སྒོ་རྒྱལ་ཁའི་ངང་མཇུག་སྒྲིལ། IMG_7144.jpg

རེ་བ་དང་ཡིད་ཆེས་ཀྱི་ཀློང་ནས་ཐེངས་འདིའི་བྱ་དགའི་རིམ་པར་སྒུག་བཞིན་པའི་སྐུ་མགྲོན་གྱི་ཚོགས། 

178820886691090358.jpgཁྱུང་རུ་རྟགས་མའི་འཁྲབ་གཞུང་གསར་རྩོམ་གྱི་ཕུལ་བྱུང་བརྩམས་ཆོས་བཅུའི་ཁྲོད་ཚུད་པའི་རྩོམ་པ་པོ་ལྷན་རྒྱས། IMG_7177.jpg

ཐེངས་འདིའི་དཔྱད་འདེམས་པ་ལྷན་རྒྱས།

IMG_7180.jpg

ཐེངས་འདིར་བྱ་དགའ་ཨང་དང་པོ་སྟེ། གཟིའི་ཁྱུང་རུའི་རྟགས་མ་ཐོབ་མཁན་ཆུ་ཀྱ་དབང་མཆོག་འབུམ་ལ་བཅར་འདྲི་བྱེད་བཞིན་པ།

བརྩམས་ཆོས།༼སྨུག་ལམ་རིང་མོ།༽

IMG_7188.jpg

ཐེངས་འདིར་བྱ་དགའ་ཨང་གཉིས་པ་སྟེ། གཡུའི་ཁྱུང་རུའི་རྟགས་མ་ཐོབ་མཁན་དར་རྒྱས་བསྟན་འཛིན་དང་ཁོའི་དགེ་རྒན་ཝང་ཙེ་ཧུང་གཉིས་ལ་བཅར་འདྲི་བྱེད་བཞིན་པ།

བརྩམས་ཆོས།༼གྲོང་ཆུང་གསེར་མདའ།༽

683195613509786120.jpg

ཁྱུང་རུ་རྟགས་མའི་སྐབས་དང་པོའི་ཕུལ་བྱུང་བརྩམས་ཆོས་དགུའི་ཁྲོད་ཚུད་པའི་རྩོམ་པ་པོ་དང་བརྩམས་ཆོས་ཀྱི་ཁ་བྱང་། 

IMG_7151.jpg

ཐེངས་འདིའི་ཕུལ་བྱུང་འཁྲབ་གཞུང་རྩོམ་པ་པོ་ལྷན་རྒྱས།

55424700307511758.jpg  

བྱ་དགའ་ཐོབ་པའི་རྩོམ་པ་པོ་དག་གི་མཉམ་པར། 

 886830180149487006.jpg

ང་ཚོ་འདི་ལྟར་དམིགས་པའི་ཡུལ་ལ་བཏུད་ཅིང་གོམ་ཁ་ལྷོད་མ་མྱོང་།

IMG_7176.jpg

སྐབས་གཉིས་པའི་ཁྱུང་རུ་རྟགས་མའི་འཁྲབ་གཞུང་བརྩམས་ཆོས་བསྡུ་བའི་ལས་སྒོ་སྤེལ་བཞིན་པ།