ད་ལོའི་ལོ་མགོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་སྤྱིའི་རེ་བ་གཞིར་བཟུང་ནས་ཧུར་ཐག་གིས་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་དང་ཞིང་ཆེན་སྨན་བཅོས་བཅོས་སྒྱུར་མགོ་ཁྲིད་ཚན་ཆུང་གིས་བཏོན་པའི་ཞིང་ཆེན་གཞན་དུ་སྨན་རིན་བསྡོམས་རྩིས་རྒྱག་པའི་བྱ་བའི་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་བྱས་པ་དང་དོན་དངོས་དང་མཐུན་པའི་སྒོ་ནས་སྨན་བཅོས་འགན་སྲུང་ཁྲོད་ཞུགས་པའི་མང་ཚོགས་ཀྱིས་ཞིང་ཆེན་གཞན་དུ་སྨན་པར་སྟོན་པའི་གནད་དོན་ཐག་གཅོད་བྱེད་པ་དང་མང་ཚོགས་ཀྱི་ཁུར་བོ་ཇེ་ཡང་དུ་གཏོང་བ་དམིགས་འབེན་དུ་བྱས་ཏེ་ཞིང་ཆེན་གཞན་དུ་ཐད་ཀར་སྨན་རིན་བསྡོམས་རྩིས་བྱེད་པའི་བྱ་བར་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས།
མིག་སྔའི་བར། མཚོ་སྔོན་ཞིང་ཆེན་གྱིས་མཚོ་སྔོན་ཞིང་ཆེན་གྱི་གཞི་རྩའི་སྨན་བཅོས་འགན་སྲུང་ཞིང་ཆེན་གཞན་དུ་སོང་ནས་སྨན་བཅོས་བྱེད་པ་དང་ཞག་སྡོད་སྨན་བཅོས་བྱེད་པའི་སྨན་རིན་ཐད་ཀར་དུ་བསྡོམས་རྩིས་བྱེད་པའི་ལག་བསྟར་བསམ་འཆར་ཁྲོད་གྱི་དུས་རིམ་གསུམ་དང་བྱ་བའི་ལས་འགན་ཉེར་ལྔའི་ཁྲོད་ཀྱི་ལས་འགན་བཅུ་བདུན་ཡོངས་འགྲུབ་བྱས་ཡོད། དེའི་ཁྲོད་ཞིང་ཆེན་རིམ་པའི་ལས་བྱེད་པའི་སྨན་བཅོས་འགན་སྲུང་ལས་རིགས་མ་ལག་གི་བཅོས་སྒྱུར་དང་ཞིང་ཆེན་རིམ་པའི་ས་ཁུལ་གཞན་དུ་སྨན་བཅོས་བྱེད་པའི་སྨན་རིན་བསྡོམས་རྩིས་མ་ལག་གསར་སྤེལ་སོགས་རྨང་གཞི་རང་བཞིན་གྱི་བྱ་བ་འདུ།
དེ་དང་མཉམ་དུ་། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་གཞུང་སྒྲུབ་ཁང་གི་མི་སྣའི་གསོ་སྦྱོང་ལ་ཤུགས་བསྣན་པར་མ་ཟད་བསྡོམས་རྩིས་ཆ་འཕྲིན་འདྲི་རྟོག་དང་ས་ཁུལ་བརྒལ་བའི་སྨན་བཅོས་སྡེ་ཁག་འདྲི་རྟོག་བྱེད་པ་སོགས་ཞིང་ཆེན་གཞན་དུ་སྨན་རིན་བསྡོམས་རྩིས་བྱེད་པའི་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་ནས་ཁྱོན་ཡོངས་ནས་ཞིང་ཆེན་གཞན་དུ་ཐད་ཀར་སྨན་རིན་བསྡོམས་རྩིས་བྱེད་པ་མངོན་འགྱུར་བྱས་ནས་འགན་སྲུང་ལ་ཞུགས་པའི་མི་སྣས་ཞིང་ཆེན་གཞན་དུ་སྨན་བཅོས་བྱེད་པར་སྟབས་བདེ་སྐྲུན་པ་དང་ཞིང་ཆེན་གཞན་དུ་སྨན་བཅོས་བྱེད་པའི་དཔལ་འབྱོར་གཞུང་སྒྲུབ་ཞབས་ཞུའི་སྤུས་ཚད་མཐོར་འདེགས་བཏང་།
གོ་རིམ་རྗེས་མར། ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་གྱིས་བྱ་བའི་བཀོད་སྒྲིག་གཞིར་བཟུང་ནས་སྟོབས་ཤུགས་ཡོད་རྒུས་དུས་རིམ་གསུམ་པའི་བྱ་བར་སྐུལ་འདེད་གཏོང་བ་དང་གྲོང་ཁྱེར་དང་ཁུལ་སོ་སོར་མཛུབ་སྟོན་བྱས་ནས་དུས་ཐོག་ཏུ་ཞིང་ཆེན་གཞན་དུ་སྨན་བཅོས་བྱེད་པ་དང་ཞག་སྡོད་སྨན་བཅོས་བྱེད་པའི་སྨན་རིན་ཐད་ཀར་བསྡོམས་རྩིས་བྱེད་ཐུབ་པའི་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་པ། དུས་ལྟར་ཞིང་ཆེན་གཞན་དུ་སྨན་རིན་ཐད་ཀར་བསྡོམས་རྩིས་བྱེད་པའི་བྱ་བ་སྤེལ་ནས་ད་ལོའི་ལོ་མཇུག་ལ་ཁྱོན་ཡོངས་ནས་མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་འགན་སྲུང་ཞིང་ཆེན་བརྒལ་ཏེ་སྨན་བཅོས་བྱེད་པ་དང་ཞག་སྡོད་སྨན་བཅོས་བྱེད་པའི་སྨན་རིན་ཐད་ཀར་བསྡོམས་རྩིས་བྱེད་པའི་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱེད་པར་འགན་སྲུང་བྱེད་རྒྱུ་རེད།