རྨ་ཆུ་རྫོང་སྨད་མ་ཞང་གིས་རྩྭ་ཐང་བྱེ་འགོག་གི་བྱ་འགུལ་སྤེལ།
2017.05.23 ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཀློག་གྲངས། 4

ཉེ་ཆར་རྨ་ཆུ་རྫོང་སྨད་མ་ཞང་ཁྱུང་མོ་སྡེ་བས2017ལོའི་རྩྭ་ཐང་བྱེ་འགོག་གི་བྱ་འགུལ་སྤེལ་ཞིང་། ཞང་གི་ལས་བཟོ་བ་དང་སློབ་མ། འབྲོག་པ་སོགས་མི200ལྷག་ཐེངས་འདིའི་བྱེ་འགོག་བྱ་འགུལ་སྟེང་ཞུགས། བྱ་འགུལ་ལ་སི་ཁྲོན་མཛོད་དགེའི་རྩྭ་ཐང་བྱེ་འགོག་གི་ཆེད་མཁས་པ་པྲ་ཆུང་པ་རིན་གདན་དྲངས་ནས་རྩྭ་ཐང་བྱེ་འགོག་གི་ཆེད་དོན་གསབ་སྦྱོང་འཛིན་གྲྭ་བསྡུས་ཤིང་། ཁོས་རྩྭ་ཐང་བྱེ་འགྱུར་གྱི་རྒྱུ་རྐྱེན་དང་ཤུགས་རྐྱེན། བྱེ་འགོག་གི་གལ་ཆེའི་རང་བཞིན་དང་བྱེ་འགོག་ཇི་ལྟར་བྱེད་པ་སོགས་གོ་རིམ་རེ་རེ་བཞིན་གསལ་བཤད་བྱས།

ངོ་སྤྲོད་རྗེས་སུ་བྱེ་འགོག་རྩྭ་འདེབས་ཀྱིས་ལས་ཀ་དངོས་སུ་བརྩམས་ཤིང་། པྲ་ཆུང་པ་རིན་གྱིས་དངོས་སུ་སྣེ་ཁྲིད་ནས་ས་སློག་པ་དང་རྩྭ་འབྲུ་འདེབས་པ། ལྕགས་ར་འཐེན་པ། ཐེངས་འདིའི་བྱ་འགུལ་ཁྲོད་རྩྭ་ཐང་བྱེ་འགོག་གི་ས་མུའུ200ལྷག་དང། རྩྭ་འབྲུ་ཏུན3། ལུད་རྫས་ཏུན3བཅས་འདུག

སྨད་མ་ཞང་ནི་ཞང་གཞན་དང་བསྡུར་ན་མི་འབོར་མང་ཞིང་རྩྭ་ཐང་གི་རྒྱ་ཁྱོན་ཆུང་ལ་རྩྭ་ས་བྱེ་འགྱུར་ལྷག་ཏུ་ཚབས་ཆེན་ཡིན་པས་ཞང་ཏང་ཨུས་རྩྭ་ཐང་བྱ་འགོག་གི་ཤེས་བྱ་མང་པོ་ཞིག་འབྲོག་པ་མང་ཚོགས་ལ་དྲིལ་སྒྲོག་བྱས་ནས་འབྲོག་པ་མང་ཚོགས་ཀྱི་བྱེ་འགོག་འདུ་ཤེས་མུ་མཐུད་དུ་ཐེ་མཐོར་བཏང་ནས་ཚན་རིག་དང་མཐུན་པའི་སྒོ་ནས་བྱེ་འགོག་བྱ་འགུལ་སྤེལ་བ་ཞིག་རེད།

ཐེངས་འདིའི་བྱ་འགུལ་བརྒྱུད་འབྲོག་པ་མང་ཚོགས་ཀྱི་བྱེ་འགོག་ནུས་པ་ཇེ་མཐོར་གཏོང་བ་དང་གོམ་གང་མདུན་སྤོས་ཀྱིས་བྱེ་འགོག་འདུ་ཤེས་ཇེ་བཟང་དང་བྱེ་ཐང་ཅན་འགོག་བཅོས་བྱེད་པར་སྐུལ་འདེད་བཏང་ཡོད།

IMG_5138.jpg

རྩྭ་ཐང་བྱེ་འགོག་གི་ཆེད་མཁས་པ་པྲ་ཆུང་པ་རིན་གྱིས་བྱེ་འགོག་ངོ་སྤྲོད་བྱེད་བཞིན་པ།

IMG_5254.jpg

འབྲོག་པ་མང་ཚོགས་ཀྱི་བྱེ་འགོག་བྱེད་བཞིན་པ།

IMG_5265.jpg

འབྲོག་པ་མང་ཚོགས་ཀྱི་བྱེ་འགོག་བྱེད་བཞིན་པ།

QQ图片20170522103042.jpg

ཞང་གི་ལས་བཟོ་པ་དང་སློབ་མ། འབྲོག་པ་སོགས་མི200ལྷག་ཐེངས་འདིའི་བྱེ་འགོག་བྱ་འགུལ་སྟེང་ཞུགས་ནས་བྱེ་འགོག་བྱེད་བཞིན་པ།

QQ图片20170522103411.jpg

བྱེ་འགོག་བྱེད་བཞིན་པའི་མང་ཚོགས།

རྨ་ཆུ་རྫོང་ནས་འབྱོར་བའི་གསར་འགྱུར། གསར་འགོད་པ་ལྷ་མོ།