ཉེ་ལམ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྤྱི་བདེ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ། འགྲུམ་འགྲུལ་ཉེན་རྟོག་རུ་ཁག་ཡན་ལག་རུ་ཁག་གི་རུ་གཙོ་ཞེའོ་ཞོ་ཕིང་གིས་སྣེ་ཁྲིད་འོག མཚོ་ལྷོ་ཁུལ་གྱི་འགྲིམ་འགྲུལ་ཉེན་རྟོག་སྡེ་ཁག་གི་མི་དམངས་ཉེན་རྟོག་པ་ཡན་ལག་རུ་ཁག་ཏུ་ཟབ་ཞུགས་བྱས་ནས་ཁ་གཏད་རོགས་སྐྱོར་སྡེ་བ་ཁྲི་ཀ་རྫོང་དཀར་བརྗིད་ཞང་དབྱར་རྩའི་མཁར་ཐོག་སྡེ་བར་སོང་ནས་ཁ་གཏད་རོགས་སྐྱོར་བྱ་འགུལ་སྤེལ།
རྒྱུས་ལོན་བྱུང་བ་ལྟར་ན། མི་དམངས་ཉེན་རྟོག་པ་དབུལ་ཕོངས་ཁྱིམ་ཚང་དུ་སོང་ནས་དབུལ་སྐྱོར་དངོས་རྫས་བྱིན་པ་མ་ཟད། ཡུལ་དངོས་ནས་ཁ་གཏད་རོགས་སྐྱོར་ཁྱིམ་ཚང་གི་འཚོ་བ་དང་ལུས་ཁམས་བདེ་ཐང་གནས་ཚུལ་རྒྱུས་ལོན་བྱས་པ་དང་འཚོ་བའི་ཁྲོད་མྱུར་དུ་ཐག་གཅོད་བྱེད་དགོས་པའི་གནད་དོན་ཡོད་མེད་ཐད་ནས་ཞིབ་འདྲི་བྱས། དེ་མིན་ད་རུང་སྡེ་སྡོད་བྱ་བའི་ཚན་ཆུང་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་དང་མཉམ་དུ་རོགས་སྐྱོར་བྱ་བའི་ཐད་ནས་བརྗེ་རེས་བྱས་པ་དང་ཁྱིམ་ཚང་མི་འདྲ་བའི་དབུལ་ཕོངས་རྒྱུ་རྐྱེན་ལ་དམིགས་ནས་དབུལ་ཐར་ཕྱུག་འགྱུར་གྱི་བསམ་ཕྱོགས་དང་ཐབས་ཇུས་ཐད་ནས་ཞིབ་འཇུག་དང་དབྱེ་ཞིབ་བྱས་ཏེ་དབུལ་ཕོངས་ཁྱིམ་ཚང་དག་གིས་དབུལ་ཐར་ཕྱུག་འགྱུར་བྱེད་ཐུབ་པའི་ལག་རྩལ་ཞིག་ཁོང་དུ་ཆུད་པར་བྱས་ནས་དབུལ་ཐར་བྱེད་དགོས་པའི་སྐུལ་མ་བཏང་།
གོང་རིམ་སྡེ་ཁག་གི་རེ་བ་ལྟར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འགྲིམ་འགྲུལ་ཉེན་རྟོག་རུ་ཁག་ཡན་ལག་རུ་ཁག་གི་གནད་ཕིགས་དབུལ་སྐྱོར་བྱ་བ་དང་དབུལ་ཕོངས་སྡེ་བའི་དངོས་ཡོད་གནས་ཚུལ་ཟུང་འབྲེལ་བྱས་ཏེ་མཚོ་ལྷོ་ཁུལ་འགྲིམ་འགྲུལ་ཉེན་རྟོག་སྡེ་ཁག་གིས་ཉེན་རྟོག་ནུས་ཤུགས་ཞན་པའི་གནས་ཚུལ་འོག གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ་སྡེ་སྡོད་ཧྲུའུ་ཅི་དང་པོར་བདམས་མངག་བྱས་ཏེ་གནད་ཕིགས་དབུལ་སྐྱོར་སོགས་ཀྱི་བྱ་བ་སྤེལ་ཏེ་གནད་ཕིགས་དབུལ་སྐྱོར་བྱ་བ་བཟང་བོར་སྒྲུབ་པར་མི་ཤུགས་ཀྱི་རྒྱབ་སྐྱོར་དང་འགན་སྲུང་འདོན་སྤྲོད་བྱས། གོ་རིམ་རྗེས་མར། མཚོ་ལྷོ་ཁུལ་འགྲིམ་འགྲུལ་ཉེར་རྟོག་སྡེ་ཁག་གིས་སྡེ་ཁག་རང་གི་ལས་རིགས་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ནས་རོགས་སྐྱོར་སྡེ་དམངས་ཀྱི་ཁ་ལོ་བའི་ཐོབ་ཐང་རྒྱུགས་ལེན་ཡོངས་འགྲུབ་བྱེད་རྒྱུ་ཡིན་པ་དང་། བྱེད་ཐབས་འདི་བརྒྱུད་ནས་དཔལ་འབྱོར་དབུལ་སྐྱོར་བྱ་འགུལ་སྤེལ་བའི་ཞོར་དུ་འགྲིམ་འགྲུལ་བདེ་འཇགས་དབུལ་སྐྱོར་ལ་སྐུལ་འདེད་གཏོང་རྒྱུ་རེད།