ད་ལོར། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དང་ལྷན་དུ། ཧུར་བརྩོན་ཆེན་པོས་རྒྱལ་ཁབ་འབྲེལ་ཡོད་པུའུ་དང་ཨུ་ཡོན་ལྷན་ཁང་ཁག་ལ་སྙན་ཞུ་ཕུལ་ནས། དབང་བོ་སྐྱོན་ཅན་གྱི་ཞབས་ཞུའི་མ་ལག་འཛུགས་སྐྲུན་བྱེད་ཤུགས་ཇེ་དྲག་ཏུ་བཏང་། མིག་སྔར། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་བྱ་བའི་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་ལ་དབང་བོ་སྐྱོན་ཅན་གྱི་ཞབས་ཞུའི་སྒྲིག་ཆས་འཛུགས་སྐྲུན་བྱེད་པའི་མ་དངུལ་སྒོར་ས་ཡ་བརྒྱད་དང་འབུམ་བརྒྱད་ཁྲི་གཅིག་བྱིན།
ཉེ་བའི་ལོ་འདི་དག་གི་རིང་ལ། ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ནན་ཏན་སྒོས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་དབང་བོ་སྐྱོན་ལས་དོན་འཕེལ་རྒྱས་གཏོང་ཐབས་སྐོར་གྱི་ཇུས་གཞི་བཀོད་སྒྲིག་ལག་བསྟར་ནན་མོ་བྱས་ཏེ། དབང་བོ་སྐྱོན་ཅན་གྱིས་ཆེས་སེམས་ཁུར་བྱེད་ས་དང་ཆེས་ཐད་ཀར་འབྲེལ་བ་ཡོད་པ། ཆེས་ཁ་ཚ་དགོས་གཏུག་གི་ཚབ་གཉོར་ཞབས་ཞུའི་དགོས་མཁོ་ནི་ཤུགས་འདོན་ས་དང་དབང་བོ་སྐྱོན་ཅན་གྱི་ཞབས་ཞུའི་ནུས་པ་ཤུགས་འདོན་ས་གཙོ་བོར་བརྩིས་ཏེ། མཚོ་སྔོན་གྱི་དབང་བོ་སྐྱོན་ཅན་གྱི་ཞབས་ཞུའི་མ་ལག་འཛུགས་སྐྲུན་བྱས།