2017ལོར་ཀྲུང་དབྱང་དང་ས་གནས་ནོར་སྲིད་ཀྱིས་བཏང་བའི་ཆེད་དོན་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་གཅིག་དང་ཐེར་ཆེན་བཞི་ལས་བརྒལ།
2017.05.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 7

ཟླ་ལྔ་བའི་ཚེས་ཉེར་བདུན་ཉིན་གསར་འགོད་པས་ནོར་སྲིད་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། སྡོམ་རྩིས་རགས་ཙམ་བྱས་པ་ལས་2017ལོར་ཀྲུང་དབྱང་དང་ས་གནས་ནོར་སྲིད་ཀྱིས་བཏང་བའི་ཆེད་དོན་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་གཅིག་དང་ཐེར་ཆེན་བཞི་ལས་བརྒལ་བ་མཚོན་ཡོད།

རིམ་པ་སོ་སོའི་ནོར་སྲིད་ཀྱིས་ནོར་སྲིད་འགྲོ་སོང་གྲུབ་ཚུལ་ཧུར་ཐག་སྒོས་ལེགས་སྒྲིག་དང་ལེགས་བཅོས་བྱེད་པ་དང་། དབུལ་སྐྱོར་མཁྲེགས་གཏོར་བྱེད་པ་དེ་ཐོག་མར་ཁག་ཐེག་བྱེད་པའི་གནད་སར་བརྩིས་ཏེ། དབུལ་སྐྱོར་མ་དངུལ་གཏོང་བའི་ཤུགས་ཚད་ཇེ་ཆེར་བཏང་། དེའི་ནང་ཀྲུང་དབྱང་ནོར་སྲིད་ཀྱིས་ས་གནས་ལ་བཀོད་སྒྲིག་དང་ཁ་གསབ་བྱས་པའི་ཆེད་སྒྲིག་དབུལ་སྐྱོར་མ་དངུལ་སྒོར་ཐེར་ཆེན་བརྒྱད་དང་ཐེར་འབུམ་དྲུག་ལྷག་ལ་བསླེབས་པས། ལོ་སྔོན་མ་ལས་སྒོར་ཐེར་ཆེན་གཉིས་ཇེ་མང་དུ་བཏང་། དབུལ་སྐྱོར་བྱེད་པའི་འགན་འཁྲི་ཡོད་པའི་ཞིང་ཆེན་ཉེར་བརྒྱད་ཀྱི་ཞིང་ཆེན་རིམ་པའི་ནོར་སྲིད་ཀྱི་ཆེད་སྒྲིག་དབུལ་སྐྱོར་མ་དངུལ་སྒོར་ཐེར་ཆེན་ལྔ་དང་ཐེར་འབུམ་བཞི་ལྷག་ལ་བསླེབས་ཡོད།