རྩེ་ཁོག་གི་ཕྱུགས་ལས་མཉམ་ལས་ཁང་བཅུ་དྲུག་གིས་ཁེ་ལས་བར་དབུལ་ཐར་གྲོས་མཐུན་བཀོད།
2017.05.30 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 4

ཟླ་ལྔ་བའི་ཚེས་བཅོ་ལྔ་ཉིན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་གི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་བཅུ་དྲུག་གིས་ཁེ་ལས་བར་ཚོང་ར་ལས་མཐོ་བའི་རིན་གོང་ལྟར་ཆེད་ལས་མཉམ་ལས་ཁང་དང་དབུལ་ཕོངས་ཁྱིམ་ཚང་གི་ལུག་ཤ་དང་སྐམས་ཤ་ཉོ་བའི་ཚོང་ཟོག་མངག་ཐོ་གྲོས་མཐུན་བཀོད་དེ། ཆེད་ལས་མཉམ་ལས་ཁང་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཞོར་དུ། དབུལ་ཕོངས་ཁྱིམ་ཚང་དབུལ་ཐར་ཕྱུག་བསྒྱུར་བྱེད་པའི་ཐད་ཀྱི་ལམ་བུ་རྒྱ་སྐྱེད།

རྩེ་ཁོག་རྫོང་གི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་བཅུ་དྲུག་དང་རྩེ་ཁོག་རྫོང་དུ་སྡོད་པའི་མཚོ་སྔོན་ནུབ་བྱང་སྐྱེ་ལྡན་ཐོན་ཁུངས་གསར་སྤེལ་ཚད་ཡོད་ཀུང་ཟི་བར་མཉམ་འབྲེལ་སྒོས་འཕེལ་རྒྱས་སུ་གཏོང་བའི་གྲོས་མཐུན་བཀོད་དེ། རྩེ་ཁོག་རྫོང་གི་གནད་ཕིགས་དབུལ་སྐྱོར་བྱ་བའི་ཐད་བློ་འདོན་ཇུས་འགོད་བྱས། ད་ལོའི་ཟླ་ལྔ་བའི་ཟླ་མགོར། མཚོ་སྔོན་ནུབ་བྱང་སྐྱེ་ལྡན་ཐོན་ཁུངས་གསར་སྤེལ་ཚད་ཡོད་ཀུང་ཟི་ཡིས་རྩེ་ཁོག་རྫོང་ཉིན་ཕྱུག་ཞང་ལྷ་དཀར་སྡེ་བ་སོགས་ཀྱི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་བཅུ་དྲུག་གི་ནོར་གནག་སྟོང་ལྔ་ཉོས་པ་དང་བོད་ལུག་སྟོང་གཉིས་ཉོས་པ་དང་། རིན་གོང་ཀུང་ཟི་ཡིས་ཕྱིར་སྒྲོག་བྱས་པའི2017ལོའི་ཚོང་རའི་ཉོ་བསྡུ་རིན་གོང་གི་རྨང་གཞིའི་སྟེང་སྒོར་དྲུག་གི་ཇེ་མང་དུ་བཏང་། བྱེད་ཐབས་དེས་ས་གནས་ཀྱི་དབུལ་ཐར་ཕྱུག་བསྒྱུར་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ། རོང་འབྲོག་དམངས་ཀྱི་ཡོང་སྒོ་ཇེ་མང་དུ་གཏོང་བའི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱས།