མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་གིས་རོགས་སྐྱོར་ཞལ་འདེབས་འབུལ་བའི་བྱ་འགུལ་སྤེལ།
2017.06.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 4

ཉེ་ལམ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་སྒྲུབ་བྱས་པའི་དབང་བོ་སྐྱོན་ཅན་དུ་འགྱུར་བར་སྔོན་འགོག་བྱེད་པ་དང་བདེ་ཐང་གིས་འབྱོར་འབྲིང་སྐྲུན་པ་བརྗོད་གཞི་ཡིན་པའི་བྱ་འགུལ་རྟ་བོ་གྲོང་རྡལ་གེ་སར་ཐང་ཆེན་ནས་སྤེལ།

བྱ་འགུལ་ཁྲོད། ལས་བྱེད་མི་སྣས་རྨ་ཆེན་རྫོང་གི་དབང་བོ་སྐྱོན་ཅན་གྱི་སྤྱི་ཚོགས་འགན་སྲུང་བཅོས་སྒྱུར་ཚོད་ལྟའི་བྱ་བའི་ལག་བསྟར་ཇུས་གཞི་དང་དབང་བོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་སྲོལ་བཟང་དར་སྤེལ་བྱས་ཏེ་མཉམ་དུ་བདེ་སྐྱིད་ཀྱི་ཁྱིམ་གཞི་འཛུགས་སྐྲུན་བྱེད་པ། དབང་བོ་སྐྱོན་ཅན་གྱི་འགན་སྲུང་བྱེད་ཐབས་སོགས་དྲིལ་སྒྲོག་ལག་དེབ་དྲིལ་སྒྲོག་བྱས་པ་མ་ཟད་འགྲེམ་སྤེལ་བྱས་པ་དང་། ཡུལ་དངོས་ནས་དབང་བོ་སྐྱོན་ཅན་གྱིས་བཏོན་པའི་སྲིད་ཇུས་དང་ལུས་གསོ་བདེ་ཐང་ཕྱོགས་ཀྱི་འབྲེལ་ཡོད་དྲི་བར་ལན་བཏབ་པ་མ་ཟད། རྐུབ་སྟེགས་འཁོར་ལོ་ཅན་དང་ལག་མཁར། ཉན་ཆས་སོགས་དབང་བོ་སྐྱོན་ཅན་ལ་མཁོ་བའི་སྒྲིག་ཆས་བཞི་བརྒྱ་བཅུ་དྲུག་བྱིན།