མཚོ་སྔོན་ཞིང་ཆེན་གྱིས་སྲིད་ཇུས་བཏོན་ནས་ཞིང་སྡེའི་མ་མཐའི་འཚོ་བའི་འགན་སྲུང་དང་དབུལ་སྐྱོར་གསར་སྤེལ་ནུས་ཡོད་སྒོས་སྦྲེལ་མཐུད་བྱེད་པར་ཤུགས་སྣོན་རྒྱུ་རེད།
2017.06.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 5

ཕྱོགས་ཡོངས་ནས་དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ལེན་པ་དང་། མགྱོགས་མྱུར་སྒོས་ཞིང་སྡེའི་མ་མཐའི་འཚོ་བའི་འགན་སྲུང་དང་དབུལ་སྐྱོར་གསར་སྤེལ་སྲིད་ཇུས་ནུས་ཡོད་སྒོས་སྦྲེལ་མཐུད་བྱེད་པར་སྐུལ་འདེད་གཏོང་བ། ཞིང་སྡེའི་མ་མཐའི་འཚོ་བའི་འགན་སྲུང་གི་དབུལ་ཐར་ནུས་པ་དངོས་སུ་འདོན་སྤེལ་བྱེད་ཆེད། ཉེ་ཆར། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་གྱིས་ཞིང་ཆེན་ནོར་སྲིད་ཐིན་དང་ཞིང་ཆེན་དབུལ་སྐྱོར་ཅུའུ། ཞིང་ཆེན་སྡོམ་རྩིས་ཅུའུ། ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་བཅས་དང་མཉམ་འབྲེལ་སྒོས་ཞིང་ཆེན་སྲིད་གཞུང་ལ་སྙན་ཞུ་ཕུལ་ནས«ཞིང་སྡེའི་མ་མཐའི་འཚོ་བའི་འགན་སྲུང་ལམ་ལུགས་དང་དབུལ་སྐྱོར་གསར་སྤེལ་སྲིད་ཇུས་ནུས་ཡོད་སྒོས་སྦྲེལ་མཐུད་བྱེད་པའི་སྐོར་གྱི་ལག་བསྟར་ཇུས་གཞི»འགྲེམ་སྤེལ་བྱས།

«ཇུས་གཞི»ས་ཕྱོགས་མང་པོའི་ངོས་ནས་ཞིང་སྡེའི་མ་མཐའི་འཚོ་བའི་འགན་སྲུང་དང་དབུལ་སྐྱོར་གསར་སྤེལ་སྲིད་ཇུས་ཀྱི་སྦྲེལ་མཐུད་བྱ་བར་ཤུགས་སྣོན་དགོས་པའི་རེ་བ་བཏོན། ཞིང་སྡེའི་མ་མཐའི་འཚོ་བའི་འགན་སྲུང་གི་ཆ་རྐྱེན་དང་མཐུན་པའི་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་དག་གཏན་འབེབས་ཀྱི་གོ་རིམ་ལྟར་མ་མཐའི་འཚོ་བའི་འགན་སྲུང་གི་ཁྱབ་ཁོངས་ཁྲོད་འཇོག་པ་དང་། དབུལ་སྐྱོར་ཆ་རྐྱེན་དང་མཐུན་པའི་ཞིང་སྡེའི་མ་མཐའི་འཚོ་བའི་འགན་སྲུང་ཁྱིམ་ཚང་དག་གཏན་འབེབས་ཀྱི་གོ་རིམ་ལྟར་ཡིག་ཚགས་དང་བྱང་བུ་བཟོ་བའི་ཁྱབ་ཁོངས་ཁྲོད་འཇོག་པ། ཡིག་ཚགས་དང་བྱང་བུ་བཟོས་པའི་ཁྱབ་ཁོངས་ཁྲོད་བཞག་མེད་པའི་མ་མཐའི་འཚོ་བའི་འགན་སྲུང་ཁྱིམ་ཚང་དང་ཞིང་སྡེའི་དམིགས་བསལ་ཅན་གྱི་མི་སྣ་དག་ལ་གཅིག་གྱུར་འཆར་འགོད་བྱས་ཏེ་མ་རྩའི་ཕན་ཁེ་སོགས་དབུལ་སྐྱོར་གསར་སྤེལ་སྲིད་ཇུས་བཀོལ་སྤྱོད་བྱས་ནས་འཚོ་བའི་ཆུ་ཚད་མཐོར་འདེགས་གཏོང་རྒྱུ་རེད། དེ་དང་མཉམ་དུ། དབུལ་ཕོངས་ཐར་ཟིན་པའི་ཁྱིམ་ཚང་གི་ཡོང་སྒོའི་འགྱུར་ལྡོག་དང་འཚོ་བའི་གནས་ཚུལ་ལ་དོ་སྣང་ཆེན་པོ་བྱས་ཏེ་གློ་བུར་དུ་དཀའ་ཁག་ལ་འཕྲད་ནས་འཚོ་བར་དཀའ་ཁག་བྱུང་བའི་དབུལ་ཕོངས་ཁྱིམ་ཚང་ལ་དུས་ཐོག་ཏུ་རོགས་སྐྱོབ་བྱེད་རྒྱུ་རེད།