ཉེ་བའི་ལོ་འགའི་རིང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་ཐོག་མཐའ་བར་གསུམ་ཀུན་ཏུ་འགྲིམ་འགྲུལ་དེ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་དགོས་ངེས་ཀྱི་ཆ་རྐྱེན་དུ་བརྩིས་ཏེ་སྔར་ལས་ལྷག་པའི་སྒོ་ནས་འགྲིམ་འགྲུལ་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་མ་དངུལ་གཏོང་ཤུགས་ཇེ་ཆེར་བཏང་།
རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་ལོ་འགོར། མགོ་ལོག་ཁུལ་ཡོངས་ཀྱི་རྨ་སྟོད་རྫོང་དང་རྨ་ཆེན་རྫོང་། གཅིག་སྒྲིལ་རྫོང་བཅས་རྫོང་གསུམ་གྱིས་མྱུར་བགྲོད་གཞུང་ལམ་ཤར་གཏོང་བྱེད་པའི་དམིགས་འབེན་མངོན་འགྱུར་བྱས་པ་དང་། དགའ་བདེ་རྫོང་དང་དར་ལག་རྫོང་། པད་མ་རྫོང་བཅས་ཀྱིས་ད་ལོར་རིམ་པ་གཉིས་པའི་གཞུང་ལམ་ཤར་གཏོང་བྱེད་པའི་དམིགས་འབེན་མངོན་འགྱུར་བྱེད་ཐུབ། ཁུལ་ཡོངས་ཀྱི་ཞང་གྲོང་ཞེ་བཞིའི་ཁྲོད་ཞང་གྲོང་ཞེ་གསུམ་ལ་སྣུམ་ལམ་དང་ཨར་འདམ་གྱི་གཞུང་ལམ་ཡོད་པར་བྱས་པ་དང་ད་ལོའི་ལོ་མཇུག་ཏུ་ཁུལ་ཡོངས་ཀྱི་བརྒྱ་ཆའི་བརྒྱ་ཡི་ཞང་གྲོང་ལ་སྣུམ་ལམ་དང་ཨར་འདམ་གྱི་ལམ་ཡོད་པ་མངོན་འགྱུར་བྱེད་ཐུབ། སྲིད་འཛིན་སྡེ་བ་བརྒྱ་དང་གྱ་བརྒྱད་ཁྲོད་སྡེ་བ་ང་དགུ་ལ་ཨར་འདམ་གྱི་གཞུང་ལམ་ཡོད་པར་བྱས་པ་དང་། ཉིས་སྟོང་བཅོ་བརྒྱད་ལོར་ཐོན་པ་ན་དབུལ་ཕོངས་སྡེ་བ་ཡོད་ཚད་ལ་གཞུང་ལམ་ཤར་གཏོང་བྱེད་པ་མངོན་འགྱུར་བྱེད་ཐུབ། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་མཇུག་ཏུ་། མགོ་ལོག་ཁུལ་གྱིས་སྟབས་བདེ་དང་བདེ་འཇགས། འཁོར་སྐྱོད་ནུས་པ་མཐོ་བའི་དེང་རབས་ཅན་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་དྲ་རྒྱའི་མ་ལག་ཕལ་ཆེར་འཛུགས་སྐྲུན་བྱེད་ཐུབ།