མཚོ་སྔོན་ཞིང་ཆེན་གྱི་རྫོང་རིམ་པའི་རྒྱང་སྒྲོག་བརྙན་འཕྲིན་ཁང་ཉེར་དྲུག་གིས་ལེ་ཚན་དངོས་སུ་གཏོང་མགོ་རྩོམ་པའི་བྱ་བ་ཁྱོན་ཡོངས་ནས་མགོ་བརྩམས།
2017.06.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 3

ཟླ་དྲུག་པའི་ཚེས་གཅིག་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧོང་ཀྲུང་རྫོང་དང་སྟོང་སྐོར་རྫོང་། འབྲི་སྟོད་རྫོང་། ཧི་ནན་སོག་རིགས་རང་སྐྱོང་རྫོང་བཅས་ཀྱི་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་དངོས་སུ་ལེ་ཚན་གཏོང་མགོ་ཚུགས་པ་དང་། དེས་མཚོ་སྔོན་ཞིང་ཆེན་གྱི་རྫོང་རིམ་པའི་རྒྱང་སྒྲོག་བརྙན་འཕྲིན་ཉེར་དྲུག་གིས་ལེ་ཚན་གཏོང་མགོ་རྩོམ་པའི་བྱ་བ་ཁྱོན་ཡོངས་ནས་མགོ་བརྩམས་པ་མཚོན་ཡོད།

རྒྱང་སྒྲོག་བརྙན་འཕྲིན་ནི་ཏང་དང་སྲིད་གཞུང་གི་མགྲིན་ཚབ་པ་དང་སྦྲེལ་ཐག་ཡིན་པ་དང་། རྫོང་རིམ་པའི་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་མི་དམངས་ཀྱི་རེ་འབོད་བརྒྱུད་སྒྲོག་དང་མི་དམངས་ཀྱི་གནས་ཚུལ་དང་མི་དམངས་ཀྱི་འདོན་བློ་མཚོན་པར་བྱེད་པ་སོགས་ཕྱོགས་སུ་སྨྱན་བྱད་གཞན་དག་གིས་ཚབ་བྱེད་མི་ཐུབ་པའི་ནུས་པ་འདོན་བཞིན་ཡོད། ཉིས་སྟོང་བཅུ་དྲུག་ལོའི་ཟླ་བཅུ་གཉིས་པར། རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུའུ་ཡིས་སྐོར་གཉིས་སུ་བགོས་ཏེ་མཚོ་སྔོན་ཞིང་ཆེན་གྱི་ཧོང་ཀྲུང་རྫོང་རྒྱང་སྒྲོག་བརྙན་འཕྲིན་ཁང་སོགས་རྫོང་རིམ་པའི་རྒྱང་སྒྲོག་བརྙན་འཕྲིན་ཁང་ཉེར་དྲུག་ལ་མཆན་བཀོད་བཀའ་ལན་བྱིན། མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡིས་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཞིབ་མཆན་དོ་དམ་བྱེད་ཐབས་དང་སྤྱི་ཁྱབ་ཅུའུ་ཡིས་ཞིབ་བཤེར་གཏན་འབེབས་བྱས་པའི་ལེ་ཚན་སྒྲིག་ཆས་ཀྱི་ཁྱབ་ཁོངས་གཞིར་བཟུང་ནས་རྒྱང་སྒྲོག་བརྙན་འཕྲིན་ཁང་སོ་སོར་རོགས་སྐྱོར་བྱས་ཏེ་གྲ་སྒྲིག་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབས་པ་དང་དུས་ཚོད་ལྟར་ལེ་ཚན་གཏོང་ཐུབ་པར་འགན་སྲུང་བྱས། དེ་དང་མཉམ་དུ། མཚོ་སྔོན་ཞིང་ཆེན་གྱི་རྫོང་རིམ་པའི་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་དྲིལ་སྒྲོག་དོ་དམ་ལག་བསྟར་བྱེད་པའི་ཞིབ་ཕྲའི་སྒྲིག་སྲོལ་གྱི་ཚོད་ལྟའི་ལག་ལེན་དང་མཚོ་སྔོན་ཞིང་ཆེན་གྱི་རྫོང་རིམ་པའི་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་དོ་དམ་ལམ་ལུགས་སོགས་ཡིག་ཆ་གཏན་འབེབས་དང་པར་སྐྲུན་འགྲེམ་སྤེལ་བྱས་པ་དང་། སྔར་ལས་ལྷག་པའི་སྒོ་ནས་རྫོང་རིམ་པའི་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་དོ་དམ་ལམ་ལུགས་ཚད་ལྡན་དང་ཇེ་དྲག་ཏུ་བཏང་ནས་རྫོང་རིམ་པའི་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་ཁྲིམས་ལྟར་རྒྱང་སྒྲོག་བརྙན་བརྙན་འཕྲིན་ལེ་ཚན་བསྒྲུབ་པར་སྐུལ་འདེད་བཏང་།

མཚོ་སྔོན་ཞིང་ཆེན་གྱི་རྫོང་རིམ་པའི་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་ལེ་ཚན་དངོས་སུ་གཏོང་མགོ་བརྩམས་པ་དེ་གཞི་རིམ་ཏང་ཨུ་དང་སྲིད་གཞུང་གིས་ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས། སྲིད་ཇུས་དྲིལ་སྒྲོག་བྱེད་པ་དང་། རིགས་སོ་སོའི་མི་དམངས་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་ཕྱི་ཕྱོགས་དྲིལ་སྒྲོག་བྱེད་པའི་སྟེགས་བུ་གལ་ཆེན་ཞིག་རེད།