མཚོ་སྔོན་གྱིས་སྨན་བཅོས་མཉམ་འབྲེལ་ལམ་ལུགས་བཙུགས་ནས་མང་ཚོགས་ལ་སྟབས་བདེ་བསྐྲུན།
2017.06.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 6

ཟླ་དྲུག་པའི་ཚེས་གསུམ་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཁག་ནས་ཤེས་གསལ་བྱུང་བ་ལྟར་ན། ད་ལོར་མཚོ་སྔོན་ཞིང་ཆེན་གྱིས་མུ་མཐུད་དུ་རིམ་པ་བགར་ནས་སྨན་བཅོས་བྱེད་པའི་ལམ་ལུགས་བཀོལ་བ་དང་། རྣམ་པ་སྣ་མང་ཅན་གྱི་སྨན་བཅོས་མཉམ་འབྲེལ་ལམ་ལུགས་འཛུགས་པ་དང་གཞི་རིམ་གྱི་སྨན་བཅོས་ཞབས་ཞུ་མཐོར་འདེགས་གཏོང་བ་སོགས་ཀྱི་ཐད་ཤུགས་བསྣན་ནས། རིམ་པ་བཞིན་སྨན་བཅོས་བྱེད་པའི་ལམ་ལུགས་ལག་བསྟར་དོན་འཁྱོལ་ཡོང་བར་བྱས་པ་བརྒྱུད། ས་གནས་མང་ཚོགས་ཀྱིས་ནད་སྟོན་པ་དང་སྨན་བཅོས་བྱེད་པར་སྣེ་འཁྲིད་ལེགས་པོ་བྱས།

ད་ལོར་མཚོ་སྔོན་ཞིང་ཆེན་གྱིས་སྨན་བཅོས་མཉམ་འབྲེལ་ལམ་ལུགས་སྣ་མང་འཛུགས་རྒྱུ་ཡིན་སྟེ། གྲོང་ཁྱེར་དང་ཁུལ་རིམ་པས་སྨན་བཅོས་སྡེ་ཚོགས་འཛུགས་གྲབས་བྱེད་རྒྱུ་ཡིན་པ་དང་། རྫོང་རིམ་པས་སྨན་བཅོས་ཐུན་མོང་ཚོགས་པ་འཛུགས་གྲབས་བྱེད་རྒྱུ་རེད། ཞིང་ཆེན་རིམ་པས་ཆེད་དོན་སྨན་བཅོས་མཉམ་འབྲེལ་ལྷན་ཚོགས་བཙུགས་ནས། གོམ་གང་མདུན་སྤོས་སྒོས་བྱིས་པའི་སྨན་བཅོས་ཚན་ཁག་དང་མོ་ནད་ཚན་ཁག་སོགས་ཆེད་ལས་ཅན་གྱི་སྨན་བཅོས་ཞབས་ཞུ་ལྷན་ཚོགས་འཛུགས་རྒྱུ་རེད།
 

ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།