ཞོན་ཧྭ་རྫོང་བིས་མདོ་བོད་རིགས་ཞང་གི་ལས་བྱེད་པ་དཀྱུས་མ་པད་མ་ཆོས་སྒྲོན་གྱིས་ནང་དུ་སྒོར་སྟོང་གཅིག་དྲུག་བརྒྱ་ལྷག་ཡོད་པའི་སྒོར་ཁུག་ཞིག་རྙེད་དེ་སྒོར་མོ་གཅིག་ཀྱང་མ་ཆད་པར་ཕྱིར་བདག་པོར་སྤྲད་པ་རེད། ཉིན་དེ་ནི་བིས་མདོ་ཞང་གི”ཏང་གི་ཉིན་མོའི་བྱེད་སྒོ”བྱ་འགུལ་སྤེལ་བའི་ཉིན་མོ་ཡིན། བིས་མདོ་ཞང་ཏང་ཨུས་བཀོད་སྒྲིག་ལྟར་“དྲུག་གཅིག”དང་ཟུང་དུ་འབྲེལ་ནས་འབྲེལ་ཡོད་གོང་རིམ་གྱི་བླང་བྱ་གཞིར་བཟུང་སྟེ།ཏང་ཡོན་རྩ་འཛུགས་བྱས་ནས་བྱིས་པ་དཀའ་ངལ་ཅན་ལ་འཚམས་འདྲི་བྱེད་པ་དང་།མཚོ་སྔོན་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་དང་བརྒྱུད་བསྒྲགས་སོགས་ཀྱི་བྱེད་སྒོ་སྤེལ།
པད་མ་ཆོས་སྒྲོན་ནི་ཞོན་ཧྭ་རྫོང་བིས་མདོ་བོད་རིགས་ཞང་མི་དམངས་སྲིད་གཞུང་གི་གྲོང་འགན་གཙང་ལེན་བྱེད་མཁན་གྱི་ལས་བྱེད་པ་དཀྱུས་མ་ཞིག་ཡིན།ལས་གནས་འདི་ནི་ཞང་སྲིད་གཞུང་གི་གནད་འཁེལ་དབུལ་སྐྱོར་དམངས་ཕན་སྲིད་ཇུས་ལ་བཀོད་སྒྲིག་བྱས་པའི་སྤྱི་ཕན་རང་བཞིན་གྱི་ལས་གནས་ཤིག་ཡིན།ཉིན་འདིར་ཞང་སྲིད་གཞུང་གི་བཀོད་སྒྲིག་ལྟར་ཁོ་མོས་ར་བྱུང་སྡེ་བའི་ཏང་ཀྲི་པུའུ་ཡི་ཏང་ཡོན་རྣམས་རྩ་འཛུགས་བྱས་ནས་དཀའ་ངལ་ཡོད་པའི་སློབ་མར་འཚམས་འདྲི་བྱེད་པ་སོགས་ཀྱི“ཏང་གི་ཉིན་མོའི་བྱེད་སྒོའི”བྱ་འགུལ་སྤེལ་བ་རེད།མོ་སྡེ་བའི་ཏང་ཡོན་གྱི་བྱ་འགུལ་སྤེལ་སར་ཐག་ཅུང་ཉེ་བས་རྒྱུན་པར་རྐང་ཐང་དུ་འགྲོ ཉིན་ཞིག་ཁོ་མོ་སྔར་བཞིན་རྐང་ཐང་དུ་སྡེ་བའི་ཏང་ཡོན་བྱེད་སྒོ་ཁང་གི་སྒོ་འགྲམ་དུ་ཐོན་ལ་ཉེ་དུས་དངུལ་ཁུག་ཞིག་རྙེད་ལ། ནང་དུ་དངུལ་སྒོར1600དང་སྨན་བཅོས་འགན་ལེན་བྱང་བུ། ཐོབ་ཐང་ལག་ཁྱེར། དངུལ་ཁང་གི་བྱང་བུ་སོགས་གལ་ཆེའི་དཔང་ཡིག་འདུག སྒོར1600དེ་མོ་ལ་མཚོན་ན་ཟླ་གཅིག་དང་ཕྱེད་ཀའི་གླ་ཕོགས་ཡིན་ཡང་། གྲོང་འགན་གཙང་ལེན་བྱེད་མཁན་གྱི་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས་དེ་དག་བདག་འཛིན་མ་བྱས་པར་སྨན་བཅོས་འགན་སྲུང་བྱང་བུ་དང་ཐོབ་ཐང་ལག་ཁྱེར། ད་དུང་སྒོར1600བཅས་ཕྱོགས་མང་པོར་འབྲེལ་བ་བརྒྱུད་ནས་བདག་པོར་ཕྱིར་སྤྲད་པ་རེད།
རྙེད་པའི་དངོས་པོ།
རྙེད་མཁན་པདྨ་ཆོས་སྒྲོན།