ཀྲུང་གོ་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་དང་མཚོ་སྔོན་བོད་ཀྱི་ས་གདན་ཐོན་ལས་བར་གྱི་མཉམ་ལས་གྲོས་མཐུན་འགོད་པའི་མཛད་སྒོ་ཟི་ལིང་ནས་བསྡུས།
2017.06.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 6

 ཟླ་དྲུག་པའི་ཚེས་བཞི་ཉིན། ཉིས་སྟོང་བཅུ་བདུན་ལོའི་ཀྲུང་གོ་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་དང་མཚོ་སྔོན་བོད་ཀྱི་ས་གདན་ཐོན་ལས་བར་གྱི་མཉམ་ལས་གྲོས་མཐུན་འགོད་པའི་མཛད་སྒོ་ཟི་ལིང་ནས་བསྡུས།

ཀྲུང་གོ་དངུལ་ཁང་གིས་འཛམ་གླིང་ཅན་གྱི་དངུལ་རྩའི་ཞབས་ཞུའི་སྟེགས་བུ་ལ་བརྟེན་ནས། རང་འགུལ་གྱིས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་དང་མཚོ་སྔོན་ཞིང་ཆེན་གྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྤྱིའི་འཆར་འགོད་དོན་འཁྱོལ་བྱས་པ་དང་། ཁེ་ལས་འབྲིང་ཆུང་གི་ཁུལ་ཁོངས་བརྒལ་བའི་དངུལ་རྩའི་མཉམ་ལས་རྣམ་པ་གསར་སྐྲུན་བྱས་པ། ཞིང་ཆེན་ནང་ཁུལ་གྱི་ཁེ་ལས་ཞིང་ཆེན་ཕྱི་ལ་སོང་ནས་ཐོན་སྐྱེད་བྱེད་པར་རོགས་སྐྱོར་བྱས་ཏེ་གྲུབ་འབྲས་ངེས་ཅན་བླངས། ཀྲུང་གོ་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་ཐེངས་འདིའི་བོད་ཀྱི་ས་གདན་འགྲེམ་སྟོན་ཚོགས་འདུའི་སྟེགས་བུར་བརྟེན་ནས་དུས་སྐབས་སྔོན་མའི་མཉམ་ལས་གྲུབ་འབྲས་སྤྱི་བསྡོམས་བྱས་པའི་རྨང་གཞིའི་སྟེང་། ཞིང་ཆེན་ནང་ཁུལ་གྱི་བོད་ཀྱི་ས་གདན་ཐོན་སྐྱེད་ཁེ་ལས་གཙོ་བོ་དང་མཉམ་དུ་རྗེས་ཕྱོགས་སྔར་ལས་ལྷག་པའི་སྒོ་ནས་ཁྱོན་ཡོངས་ཀྱི་ལས་སྒོའི་མཉམ་ལས་ལ་སྐུལ་འདེད་བྱེད་པའི་ཐད་ནས་གྲོས་མོལ་གཏིང་ཟབ་བྱས་པ་མ་ཟད་ཐུན་མོང་གི་ལྟ་ཚུལ་བྱུང་།

མཉམ་ལས་གྲོས་མཐུན་འགོད་པའི་ཡུལ་དངོས་སུ། ཀྲུང་གོ་དངུལ་ཁང་མཚོ་སྔོན་ཡན་ལག་དངུལ་ཁང་གིས་སོ་སོར་ཞིང་ཆེན་ནང་ཁུལ་གྱི་བོད་ཀྱི་ས་གདན་ཐོན་སྐྱེད་ཁེ་ལས་གཙོ་བོ་སྟེ་མཚོ་སྔོན་བོད་ལུག་ས་གདན་ཚད་ཡོད་ཀུང་ཟི་དང་མཚོ་སྔོན་ཧི་མ་ལ་ཡ་སྡེ་ཚོགས་ཚད་ཡོད་ཀུང་ཟི། མཚོ་སྔོན་ཁ་པི་ཐི་ཁྱིམ་ཆས་འཁེལ་འཐག་ཚད་ཡོད་ཀུང་ཟི་སོགས་དང་མཉམ་དུ་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོས་མཐུན་བཀོད།

ཐེངས་འདིའི་གྲོས་མཐུན་ལ་མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན་དང་ཀྲུང་གོ་ས་གདན་མཐུན་ཚོགས། ཟི་ལིང་རྒྱལ་ཁབ་རིམ་པའི་དཔལ་འབྱོལ་ལག་རྩལ་གསར་སྤེལ་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་བཅས་ཀྱི་རྒྱབ་སྐྱོར་ཆེན་པོ་ཐོབ་པ་དང་། ཀྲུང་གོ་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་ཐེངས་འདིའི་བོད་ཀྱི་ས་གདན་འགྲེམ་སྟོན་ཚོགས་འདུ་གོ་སྐབས་སུ་བརྩིས་ཏེ་སྔར་ལས་ལྷག་པའི་སྒོ་ནས་ཀྲུང་གོ་དངུལ་ཁང་གི་རྒྱལ་ཁབ་ཕྱི་ནང་གི་སྣ་མང་ཅན་གྱི་དངུལ་རྩའི་ཞབས་ཞུའི་སྟེགས་བུའི་ཆེད་ལས་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཏེ་ཕྱི་ཕྱོགས་སྒོ་འབྱེད་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་པ་དང་། མཚོ་སྔོན་བོད་ཀྱི་ས་གདན་ཐོན་ལས་ཀྱི་འཕེལ་རྒྱས་དམིགས་འབེན་ལ་དམིགས་ནས་ཞིང་ཆེན་ནང་ཁུལ་གྱི་བོད་ཀྱི་ས་གདན་ཐོན་སྐྱེད་ཁེ་ལས་དག་ལ་ཕན་མཐོའི་དངུལ་རྩའི་རྒྱབ་སྐྱོར་དང་སྤུས་ལེགས་ཀྱི་དངུལ་རྩའི་ཞབས་ཞུ་འདོན་སྤྲོད་བྱས་ནས་ཞིང་ཆེན་ནང་ཁུལ་གྱི་བོད་ཀྱི་ས་གདན་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་མཚོ་སྔོན་བོད་ཀྱི་ས་གདན་གྱི་ཚོང་རྟགས་མིང་གྲགས་ཅན་དང་ཤུགས་རྐྱེན་ནུས་ཤུགས་མཐོར་འདེགས་བཏང་།