མགོ་ལོག་ཁུལ་གྱི་ཞིང་ཕྱུགས་ཐོན་ལས་ལས་གཞི་བརྟན་པོའི་ངང་གོང་དུ་འཕེལ།
2017.06.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 5

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་བསྒྱུར་བ་བཞི་བརྟན་པོའི་ངང་གོང་དུ་སྤེལ་བའི་ཁྲོད་ནས། གོམ་གང་མདུན་སྤོས་ཀྱིས་ཞིང་ཕྱུགས་ལས་ཆེད་ལས་མཉམ་ལས་རྩ་འཛུགས་སྲ་བརྟན་དང་རྒྱ་བསྐྱེད་དུ་བཏང་བ་མ་ཟད། ཤུགས་ཆེན་པོས་མཐོ་སྒང་གི་སྐྱེ་ཁམས་ཞིང་ཕྱུགས་ལས་ཐོན་ལས་ཅན་གྱི་བཟོ་སྐྲུན་དྲུག་ལག་བསྟར་བྱེད་པ་ཕྱོགས་གལ་ཆེན་དུ་བརྩིས་ནས་ངེས་པ་དོན་གྱིས་ཞིང་ཕྱུགས་ལས་ཐོན་ལས་ཀྱི་ཚུལ་སྒྱུར་རིམ་སྤོར་གོམ་སྟབས་ཇེ་མགྱོགས་སུ་བཏང་།

མིག་སྔའི་བར་དུ། མགོ་ལོག་ཁུལ་གྱིས་ཕྱུགས་ལས་རྐྱང་རྐྱང་གཉེར་བའི་སྡེ་བ་བརྒྱ་དང་དོན་ལྔ་ནས་སྐྱེ་ཁམས་ཞིང་ཕྱུགས་ལས་མཉམ་ལས་དཔལ་འབྱོར་རྩ་འཛུགས་བཙུགས་ནས་ཕྱོགས་ཡོངས་ལ་ཁེབས་པ་མངོན་འགྱུར་བྱས། བསྡོམས་པས་ཧྲང་ཧེ་ཡི་འཛུགས་སྐྲུན་རོགས་སྐྱོར་དང་ཚན་རྩལ། དབུལ་སྐྱོར། ཁུལ་རིམ་པའི་ཞིང་ལས་ལ་རྒྱབ་སྐྱོར་བྱེད་པ་སོགས་ཀྱི་རིགས་སོ་སོའི་མ་དངུལ་སྒོར་དུང་ཕྱུར་གཉིས་དང་ས་ཡ་གསུམ་ལེགས་སྒྲིག་བྱས་ནས། ཞང་དང་གྲོང་རྡལ་སོ་གཅིག་གི་སྡེ་བ་ང་བདུན་ནས་ཐོན་ལས་ཅན་གྱི་ལས་གཞི་རེ་བརྒྱད་ལག་བསྟར་བྱས་པས། མཉམ་ལས་ཁང་དུ་ཞུགས་པའི་འབྲོག་ཁྱིམ་སྟོང་བརྒྱད་དང་སུམ་བརྒྱ་གསུམ་གྱི་མི་གྲངས་ཁྲི་གསུམ་དང་སྟོང་གཅིག་བརྒྱད་བརྒྱ་དོན་གཉིས་ལ་སླེབས། རྩྭ་ར་སྤྱི་ཆིང་བྱེ་བ་གཉིས་དང་ས་ཡ་གཅིག་འབུམ་བདུན་ཁྲི་གསུམ་ལེགས་སྒྲིག་བྱས་ལ། རིགས་སོ་སོའི་ཕྱུགས་ཟོག་འབུམ་དྲུག་དང་ཁྲི་གཉིས་ལེགས་སྒྲིག་བྱས།

རྒྱུས་ལོན་པ་ལྟར་ན། ད་ལོར་ཁུལ་ཡོངས་སུ་གསར་དུ་གཏན་འཁེལ་བྱས་པའི་ཐོན་ལས་ཅན་གྱི་ལས་གཞི་ཉེར་དྲུག་ཡོད་པ་དང་། ལེགས་སྒྲིག་མ་དངུལ་སྒོར་བྱེ་བ་ལྔ་དང་ས་ཡ་བཞི་འབུམ་བཞི་ལ་སླེབས། དེའི་ནང་། ཞིང་ཆེན་རིམ་པའི་མ་དངུལ་སྒོར་ས་ཡ་གསུམ་དང་། ཁུལ་ནོར་སྲིད་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་གསུམ་འབུམ་བཞི། ཁུལ་ཚན་རྩལ་མ་དངུལ་སྒོར་ས་ཡ་གཉིས། ཧྲང་ཧའེ་ཡི་འཛུགས་སྐྲུན་རོགས་སྐྱོར་མ་དངུལ་སྒོར་བྱེ་བ་གཉིས་དང་ས་ཡ་བཞི་ལ་སླེབས་ཡོད་པས། མ་དངུལ་གཏོང་ཚད་ཀྱི་ཕྱོགས་ནས་ནུས་ཡོད་སྒོས་ཞིང་ཕྱུགས་ལས་ཐོན་ལས་ཅན་གྱི་ཆེད་སྤྱོད་འཕེལ་རྒྱས་ལ་འགན་སྲུང་བྱས།