འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས2016ལོར་གསར་དུ་མགོ་བརྩམས་པའི་ཚན་རྩལ་དཔེ་སྟོན་བཟོ་སྐྲུན་བཅུ་གཉིས་གྲས་ཀྱི་གཅིག་ཡིན་པའི་ཆ་ནས། སྐྱེ་ཁམས་ཉམས་ཞན་ཁུལ་གྱི་གཞུང་ལམ་ལམ་ཁོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་ཚན་རྩལ་དཔེ་སྟོན་བཟོ་སྐྲུན་དེ་མཚོ་སྔོན་ནས་ཐོག་མར་གཞི་ཁྱོན་ཆེ་བའི་སྒོ་ནས་ལག་བསྟར་བྱས་པ་མ་ཟད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་མཛེས་ལྗོངས་མཉམ་བསྲེས་བྱེད་པ་དམིགས་འབེན་དུ་བྱེད་པའི་ལག་རྩལ་གསར་བ་ཁྱབ་གདལ་དུ་གཏོང་བ་བརྒྱུད་དེ། དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་པ་དང་། སྐྱེ་ཁམས་ཉམས་ཞན་ཁུལ་གྱི་འགྲིམ་འགྲུལ་འཛུགས་སྐྲུན་རྒྱུན་མཐུད་ངང་འཕེལ་རྒྱུས་སུ་གཏོང་བ་རྒྱུན་འཁྱོངས་བྱས།
སྐྱེ་ཁམས་ཉམས་ཞན་ཁུལ་ནི་མཚོ་བོད་མཐོ་སྒང་གཙོར་བྱས་པའི་རང་རྒྱལ་ནུབ་རྒྱུད་ཀྱི་ས་བབ་མཐོ་ཞིང་གྲང་ངར་ཆེ་བའི་ས་ཁུལ་ཡིན་ལ། དམིགས་བསལ་གྱི་རང་བྱུང་ཁོར་ཡུག་གིས་ས་ཁུལ་དེའི་གཞུང་ལམ་འཛུགས་སྐྲུན་ཐད་ཀྱི་དམིགས་བསལ་རང་བཞིན་ཐག་བཅད་ཡོད། སྐྱེ་ཁམས་ཉམས་ཞན་ཁུལ་གྱི་གཞུང་ལམ་ལམ་རྒྱུད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་ཚན་རྩལ་དཔེ་སྟོན་བཟོ་སྐྲུན་དེ་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་དངུལ་གཏོང་ཚད་ཡོད་ཀུང་ཟི་དང་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཚན་རིག་ཞིབ་འཇུག་གླིང་། མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་ཚན་རྩལ་ཞིབ་འཇུག་གླིང་བཅས་ཀྱིས་མཉམ་དུ་འགན་ཁུར་ཡོད་པ་དང་། གཙོ་བོར་མཚོ་སྔོན་ཞིང་ཆེན་གྲ་མ་ལུང་ནས་རིག་སྨོན་བར་གྱི་གཞུང་ལམ་བསྒྱུར་བཀོད་དང་ཆེར་བསྐྱེད་བཟོ་སྐྲུན་དང་། དར་ལག་མ་ཎི་རྡོ་རྐ་ནས་མཚོ་སྔོན་ནང་ཁོངས་ཀྱི་ཡུས་ཧྲུའུ་གཞུང་ལམ་བསྒྱུར་བཀོད་བཟོ་སྐྲུན་ཏེ་མཚོ་སྔོན་ཞིང་ཆེན་གྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་ཀྱི་གཞུང་ལམ་འཛུགས་སྐྲུན་ལས་གཞི་གཙོ་བོ་གཉིས་ལ་རྒྱབ་རྟེན་ནས། ཕྱོགས་བཞིའི་ཐད་ཀྱི་ལག་རྩལ་གྲུབ་འབྲས་བེད་སྤྱོད་དང་དཔེ་སྟོན་བྱ་བ་སྤེལ་རྒྱུ་རེད། གཅིག་ནི་སྐྱེ་ཁམས་ཉམས་ཞན་ཁུལ་གྱི་སྲུང་སྐྱོབ་བྱེད་བཞིན་པའི་ཆུ་གཟུགས་ཀྱི་ཆུའི་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་ལག་རྩལ་ཡིན་ལ། དེའི་ཁྲོད་གཙོ་བོར་ཟམ་པ་དང་ལམ་ངོས་ཀྱི་ཆར་ཞུ་བཞུར་རྒྱུག་བསྡུ་གསོག་དང་ཐག་གཅོད་ལག་རྩལ་སོགས་འདུ། གཉིས་ནི་སྐྱེ་ཁམས་ཉམས་ཞན་ཁུལ་གྱི་གཞུང་ལམ་ལམ་ཁོངས་ཀྱི་སྔོ་ཁེབས་སྲུང་སྐྱོབ་དང་སླར་གསོ་ལག་རྩལ་ཏེ། གཙོ་བོར་ལམ་ཁོངས་ཀྱི་སྔོ་ཁེབས་ས་གཞན་དུ་སྤར་བ་དང་སྲུང་སྐྱོབ་བྱེད་པའི་ལག་རྩལ་དང་། སྐྱེ་ཁམས་བདེ་འཇགས་ཐད་ཀྱི་ལམ་ཁོངས་སྔོ་ཁེབས་སླར་གསོ་བྱེད་པའི་ལག་རྩལ་སོགས་འདུ། གསུམ་ནི་སྐྱེ་ཁམས་ཉམས་ཞན་ཁུལ་གྱི་རེ་སྐྱེས་རི་དྭགས་སྲུང་སྐྱོབ་བྱེད་པའི་ཐད་ཀྱི་གནད་འག་ལག་རྩལ་ཏེ། གཙོ་བོར་ལམ་རྒྱུད་ཀྱི་རི་སྐྱེས་རི་དྭགས་ཀྱི་ཁྱབ་ཚུལ་ལ་མྱུར་དུ་ལྟ་ཞིབ་རྩིས་ལེན་བྱེད་པ་དང་། རི་སྐྱེས་རི་དྭགས་ཀྱི་བགྲོད་ལམ་འཛུགས་སྐྲུན་བྱེད་པའི་ལག་རྩལ་སོགས་འདུ། བཞི་ནི་ས་ཁོངས་ཁྱད་ཆོས་དང་ཁོར་ཡུག་མཉམ་བསྲེས་རྨང་གཞི་རུ་བྱས་པའི་མཛེས་ལྗོངས་ཇུས་འགོད་ལག་རྩལ་ཡིན་ལ། དེའི་ཁྲོད་གཙོ་བོར་ས་ཁོངས་རིག་གནས་རྒྱུ་ཆ་དབྱེ་འབྱེད་ལག་རྩལ་དང་གཞུང་ལམ་མཛེས་ལྗོངས་ལ་གདེང་འཇོག་བྱེད་པ། མཛེས་ལྗོངས་མཉམ་བསྲེས་རང་བཞིན་གྱི་ཇུས་འགོད་ལག་རྩལ་སོགས་འདུ།
དཔེ་སྟོན་བཟོ་སྐྲུན་དེ2016ལོའི་ཟླ་བཅུ་གཅིག་པར་ལག་བསྟར་བྱས་པའི་ཚུན་ནས། ལས་གཞི་ཚན་ཆུང་གིས་ཡུལ་དངོས་རྟོག་ཞིབ་བྱས་པ་བརྒྱུད་དེ། ཐོག་མར་ཚན་རྩལ་དཔེ་སྟོན་བཟོ་སྐྲུན་གྱི་ལག་རྩལ་སྣ་ཚོགས་ལག་བསྟར་བྱེད་པའི་ས་གནས་དང་ཁྱབ་ཁོངས། བཀོལ་སྤྱོད་བྱེད་སྟངས་གཏན་ཁེལ་གསལ་བོ་བྱས་པ་མ་ཟད། སྐྱེ་ཁམས་ཉམས་ཞན་ཁུལ་གྱི་གཞུང་ལམ་ལམ་ཁོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་ཚན་རྩལ་དཔེ་སྟོན་བཟོ་སྐྲུན་ལག་རྩལ་ལག་བསྟར་བྱེད་པའི་གནས་སྐབས་ཀྱི་ཇུས་གཞི་གཏན་འབེབས་བྱས་ནས། འབྲེལ་ཡོད་ལག་བསྟར་ཇུས་ཀྱི་ནང་དོན་བཟོ་སྐྲུན་ཇུས་འགོད་དང་ཡུལ་དངོས་ལེགས་བསྒྱུར་ཁྲོད་བཞག