ཉིས་སྟོང་བརྒྱད་ལོ་ནས་བཟུང་སྐྱེ་ཁམས་ཕྱུགས་ལས་རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་ཚོད་ལྟའི་ཁུལ་གཏན་ཁེལ་བྱས་པ་ནས་བཟུང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་རྒྱུན་ཆད་མེད་པར་སྲིད་ཇུས་ཀྱི་རྒྱབ་སྐྱོར་ཤུགས་ཚད་ཇེ་ཆེར་བཏང་ནས་ཤུགས་ཆེན་པོས་གསར་དར་ཞིང་ཕྱུགས་ལས་བདག་གཉེར་གཙོ་གཞི་འཕེལ་རྒྱས་བཏང་བ་དང་ཁུལ་ཡོངས་ཀྱི་ཞིང་སྡེ་དང་འབྲོག་ཁུལ་གྱི་ཁྱིམ་ཚང་གི་ཞིང་ཕྱུགས་ར་དང་རོང་འབྲོག་མང་ཚོགས་ཀྱི་འདེབས་འཛུགས་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་སོགས་གསར་དར་མཉམ་ལས་བདག་གཉེར་རྩ་འཛུགས་ལ་འཕེལ་རྒྱས་ཆེན་པོ་བྱུང་།
མིག་སྔར། ཁུལ་ཡོངས་སུ་ཞིང་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་སྟོང་གཅིག་བརྒྱ་དང་ཉེར་ལྔ་ཡོད་པ་དང་། དེའི་ཁྲོད་འདེགས་འཛུགས་ལས་རིགས་གཉེར་བཞིན་པའི་མཉམ་ལས་ཁང་ཉིས་བརྒྱ་གོ་བདུན་དང་ཕྱུགས་ལས་གཉེར་བཞིན་པའི་མཉམ་ལས་ཁང་དྲུག་བརྒྱ་གྱ་བདུན། ཉ་ལས་གཉེར་བཞིན་པའི་མཉམ་ལས་ཁང་བཅུ་བཞི། ཞབས་ཞུའི་ལས་རིགས་གཉེར་བཞིན་པའི་མཉམ་ལས་ཁང་བཞི་བཅུ་དང་ལས་རིགས་གཞན་པ་དགུ་བཅུ་བཅས་ཡོད། ཁུལ་ཡོངས་སུ་བསྡོམས་པས་ཁྱིམ་ཚང་གི་ཞིང་ཕྱུགས་ར་སུམ་བརྒྱ་ཞེ་བདུན་ཡོད་པ་དང་། དེའི་ཁྲོད་འདེགས་འཛུགས་ལས་རིགས་གཉེར་བཞིན་པའི་ཁེ་ལས་བརྒྱ་དང་དྲུག་ཡོད་པ་དང་ཕྱུགས་ལས་གཉེར་བཞིན་པའི་ཁེ་ལས་ཉིས་བརྒྱ་དང་གཅིག འདེབས་འཛུགས་དང་གསོ་སྤེལ་མཉམ་བསྲེས་ཁེ་ལས་བཞི་བཅུ་བཅས་ཡོད། ཁྱིམ་ཚང་གི་ཞིང་ཕྱུགས་ར་ཁ་ཤས་དང་ཞིང་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་ཁ་ཤས་ཀྱི་བདག་གཉེར་རྣམ་པ་ཇེ་བཟང་དུ་སོང་བ་དང་བསྟུན་ནས་རོང་འབྲོག་མང་ཚོགས་ལ་སྔར་ལས་ལྷག་པའི་ཕན་ཁེ་ཐོབ་པ་དང་སྔར་ལས་ལྷག་པའི་སྒོ་ནས་རོང་འབྲོག་མང་ཚོགས་ཀྱིས་ཁྱིམ་ཚང་གི་ཞིང་ཕྱུགས་ར་དང་ཆེད་ལས་མཉམ་ལས་ཁང་འཕེལ་རྒྱས་གཏོང་བའི་རེ་འདུན་ཇེ་དྲག་ཏུ་བཏང་སྟེ་བདག་གཉེར་ཕན་ནུས་དེ་སྔར་གྱི་བདག་གཉེར་རྣམ་པ་སྲུང་འཛིན་བྱེད་པ་ནས་ཁེ་སྤོགས་ཆེན་པོ་ལེན་པའི་ཕྱོགས་སུ་བསྒྱུར་བ་དང་། ཁུལ་ཡོངས་ཀྱི་ཞིང་ཕྱུགས་ལས་རིགས་ཀྱི་གསར་དར་བདག་གཉེར་གཙོ་གཞི་དེ་རིམ་བཞིན་ཚད་ལྡན་དུ་གྱུར་ནས་མཐོ་སྒང་གི་དེང་རབས་སྐྱེ་ཁམས་ཞིང་ཕྱུགས་ལས་འཕེལ་རྒྱས་འགྲོ་བར་སྣེ་ཁྲིད་བྱེད་པའི་སྟོབས་ཤུགས་གཙོ་བོར་གྱུར་ཡོད།