མཚོ་སྔོན་ཞིང་ཆེན་གྱི་བོད་ཡིག་འཚོལ་བཤེར་མ་ལག་ཕལ་ཆེར་ཡོངས་འགྲུབ་བྱས།
2017.06.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 7

ཉེ་ཆར། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱིས་འགན་ཁུར་བཞིན་པའི་བོད་ཡིག་ཆ་འཕྲིན་ཅན་གྱི་སྟེགས་བུའི་འཛུགས་སྐྲུན་ལས་གཞི་ལ་ཞིབ་བཤེར་རྩིས་ལེན་ཐོབ་པ་དང་། འདིས་མཚོ་སྔོན་ཞིང་ཆེན་གྱི་བོད་ཡིག་འཚོལ་བཤེར་མ་ལག་ཕལ་ཆེར་ཡོངས་འགྲུབ་བྱས་པ་མཚོན་ཡོད།

ཉེ་བའི་ལོ་འདི་དག་གི་རིང་ལ། མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་དང་ཆ་འཕྲིན་ཅན་ཨུ་ཡོན་ལྷན་ཁང་གིས་བོད་ཡིག་ཆ་འཕྲིན་ཅན་གྱི་ལག་རྩལ་གསར་སྤེལ་དང་བཀོལ་སྤྱོད་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་དེ་མཚོ་སྔོན་ཞིང་ཆེན་ཆ་འཕྲིན་ཅན་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས། འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་སྔ་གཞུག་ཏུ་མ་དངུལ་དང་ལག་རྩལ། ལས་གཞི་སོགས་ཀྱི་ཕྱོགས་ནས་མི་རིགས་ས་ཁུལ་གྱི་ཆ་འཕྲིན་ཅན་འཕེལ་རྒྱས་ལ་ཤུགས་ཆེན་པོས་རྒྱབ་སྐྱོར་བྱས་པ་མ་ཟད་གྲུབ་འབྲས་མངོན་གསལ་བླངས།

ཡོངས་འཛིན་འཚོལ་བཤེར་མ་ལག་ལས་གཞི་ཡོངས་འགྲུབ་བྱས་པ་དེ་མི་རིགས་རིག་གནས་རྒྱུད་འཛིན་དང་དར་སྤེལ་ལ་ཕན་པ་མ་ཟད་རང་རྒྱལ་གྱི་རིག་གནས་དངོས་ཤུགས་མཐོར་འདེགས་ལ་ཕན་པ་ཡོད་པ་དང་། མི་རིགས་ཕན་ཚུན་བར་གྱི་ངོས་འཛིན་དང་མཐུན་སྒྲིལ། བོད་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་རིག་གནས་དར་རྒྱས་ལ་སྐུལ་འདེད་བྱེད་པར་དོན་སྙིང་གལ་ཆེན་ལྡན། མིག་སྔའི་བར། ཡོངས་འཛིན་འཚོལ་བཤེར་མ་ལག་སྤྱོད་མཁན་མི་གྲངས་བྱེ་བ་བདུན་དང་ས་ཡ་ལྔ་ལ་སླེབས་ཡོད་པ་དང་། མ་ལག་ཐོ་འགོད་བྱེད་ཚད་མི་གྲངས་ཁྲི་གཅིག་ལས་བརྒལ་ཡོད།