རྨ་ཆེན་རྫོང་གིས་རོང་འབྲོག་དམངས་རྩ་འཛུགས་བྱས་ནས་ནུས་མཐོའི་གསོ་སྤེལ་ལག་རྩལ་གསོ་སྦྱོང་བྱས།
2017.06.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 4

ཉེ་ཆར། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་གིས་ཕྱུགས་ལས་གསོ་སྤེལ་ཆེད་མཁས་པ་གསུམ་རྩ་འཛུགས་བྱས་ནས་རྫོང་ཡོངས་ཀྱི་ས་ཁུལ་སོ་སོ་ནས་ཡོང་བའི་རོང་འབྲོག་དམངས་གོ་དྲུག་ལ་ཉིན་བཞིའི་རིང་གི་འབྲི་གཡག་དང་བོད་ལུག་གི་ནུས་མཐོའི་གསོ་སྤེལ། ནད་ཡམས་འགོག་བཅོས་ཕྱུགས་ཟོག་གི་རྒྱུན་ཕོག་ནད་རིགས་ཀྱི་སྨན་བཅོས་དང་ནད་ཡམས་སྔོན་འགོག ཕྱུགས་ལས་འཕེལ་རྒྱས། རྒྱལ་ཁབ་ཀྱི་ཞིང་ལས་དང་ཕྱུགས་ལས་ཀྱི་རྩ་བའི་བྱེད་ཕྱོགས་དང་སྲིད་ཇུས་སོགས་ནང་དོན་གྱི་ལས་རིགས་གསར་བའི་རོང་འབྲོག་དམངས་གསོ་སྦྱོང་སྤེལ།