ཟླ་དྲུག་པའི་ཚེས་ལྔ་ཉིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཆི་ལེན་རྫོང་སྤྱི་བདེ་ཅུའུ་ཡིས་རྫོང་ནགས་ལས་ཁོར་སྲུང་ཅུའུ་དང་ཞིང་ཕྱུགས་ཅུའུ། མུ་རི་གྲོང་རྡལ་སྲིད་གཞུང་སོགས་སྡེ་ཁག་དང་མཉམ་འབྲེལ་གྱིས་དབྱར་རྩྭ་བརྐོ་བར་བཀག་འགོག་བྱེད་པའི་རུ་ཁག་རྩ་འཛུགས་བྱས་ཏེ་དབྱར་རྩྭ་བརྐོ་མཁན་མང་བ་དང་འགལ་བ་འབྱུང་སླ་བ། སྤྱི་ཚོགས་བདེ་སྐྱོང་དོ་དམ་ཚོད་འཛིན་བྱེད་པར་དཀའ་ཁག་ཅུང་ཆེ་བའི་རྡོ་ལུང་ཞང་དུ་ཟབ་ཞུགས་བྱས་ཏེ་ཁྱོན་ཡོངས་ནས་དབྱར་རྩྭ་བརྐོ་བར་བཀག་འགོག་བྱེད་པ་དང་བརྐོ་མཁན་ལ་ཁ་ཏ་སློབ་གསོ་གཏོང་བའི་བྱ་བ་སྤེལ།
སློབ་གསོ་གཏོང་བའི་བྱ་བའི་སྐབས་སུ། མི་དམངས་ཉེན་རྟོག་པ་ཚོས་མི་གཞི་རྩ་ཡིན་པ་དང་ཤུགས་ཆེན་པོས་སློབ་གསོ་གཏོང་བའི་བྱ་བའི་འདུ་ཤེས་རྒྱུན་འཁྱོངས་བྱས་ནས་སྤྱི་ཚོགས་བདེ་སྐྱོང་དོ་དམ་གྱི་ཁྲིམས་གཅོད་བཅའ་ཁྲིམས་དང་རྩྭ་སའི་ཁྲིམས་སོགས་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་ཟུང་འབྲེལ་བྱས་པ་དང་རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འབྲོག་པ་མང་ཚོགས་ཀྱི་རྒྱུན་ལྡན་གྱི་ཐོན་སྐྱེད་འཚོ་བར་འགན་སྲུང་བྱེད་པ་སོགས་ཕྱོགས་ནས་མགོ་བཙུགས་ཏེ་སེམས་ཞིབ་མོས་དབྱར་རྩྭ་བརྐོ་མཁན་དག་ལ་དབྱར་རྩྭ་བརྐོ་མཚམས་འཇོག་དགོས་པའི་ཁ་ཏ་སློབ་གསོ་བྱས་པས་འབྲོང་ལུང་རི་ཁུལ་གྱི་དབྱར་རྩྭ་བརྐོ་བར་བཀག་འགོག་དང་གཙང་བཤེར་བྱེད་པའི་བྱ་བ་བདེ་བླག་ངང་ཡོངས་འགྲུབ་བྱས་པ་དང་ནུས་ཡོད་སྒོས་རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག་ལུགས་མཐུན་གྱིས་གསར་སྤེལ་དང་བཀོལ་སྤྱོད་བྱེད་པར་སྲུང་སྐྱོབ་བྱེད་པའི་བྱ་བའི་སྔོན་དཔག་གི་དམིགས་འབེན་ལ་སླེབས་པར་བྱས།