ཟླ་དྲུག་པའི་ཚེས་བཅུ་གསུམ་ཉིན་གྱི་སྔ་དྲོའི་བར་དྲ་ཐོག་མིང་ཐོ་བཀོད་དེ་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྐབས་བཅོ་བརྒྱད་པར་ཞུགས་པའི་འཐུས་ཚབ་པ་ཁྲི་གཅིག་དང་སྟོང་གཅིག་ལ་སླེབས།
2017.06.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 6

གསར་འགོད་པས་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྐབས་བཅོ་བརྒྱད་པའི་ལག་བསྟར་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཟླ་དྲུག་པའི་ཚེས་བཅུ་གསུམ་ཉིན་གྱི་སྔ་དྲོའི་བར། དྲ་ཐོག་མིང་ཐོ་བཀོད་དེ་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྐབས་བཅོ་བརྒྱད་པར་ཞུགས་པའི་འཐུས་ཚབ་པ་ཁྲི་གཅིག་དང་སྟོང་གཅིག་ལ་སླེབས་པ་དང་། ལོ་སྔོན་མའི་དུས་མཉམ་དང་བསྡུར་ན་མིང་ཐོ་འགོད་མཁན་ཇེ་མང་དུ་སོང་ཡོད།

ད་ལོའི་ཚུན་ལ། མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ལག་བསྟར་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚོང་གཏམ་གྲོས་ཚོགས་ཀྱི་གྲ་སྒྲིག་བྱ་བ་བཟང་བོར་བསྒྲུབ་པའི་སྐོར་གྱི་འབྲེལ་ཡོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཏེ་བྱ་བའི་ཇུས་གཞི་ཞིབ་ཚགས་སུ་བཏང་བ་དང་བྱ་བའི་བྱེད་ཐབས་ཇེ་དྲག་ཏུ་བཏང་ནས་ཚོང་གཏམ་གྲོས་ཚོགས་བདེ་བླག་ངང་འཚོག་པར་འགན་སྲུང་བྱས། མིག་སྔའི་བར། ཚོང་གཏམ་གྲོས་ཚོགས་ཀྱི་ལས་གཞིར་མིང་རྟགས་འགོད་པ་དང་ཚོང་བ་གདན་འདྲེན་བྱེད་པ། བྱ་འགུལ་རྩ་འཛུགས་བྱེད་པ། ཚོང་རྫས་འགྲེམ་སྟོན་དང་དྲིལ་སྒྲོག་བྱེད་པ། སྣེ་ལེན་ཞབས་ཞུ་བྱེད་པ་སོགས་ཀྱི་བྱ་བ་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བཞིན་ཡོད།