མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན་འགན་ཁུར་མི་སྣ་མཚོ་ལྷོ་ཁུལ་དུ་སོང་ནས་ཐོན་ལས་དབུལ་སྐྱོར་ཆེད་དོན་ཐད་བརྟག་དཔྱད་ཞིབ་འཇུག་དང་ལྟ་སྐུལ་མཛུབ་སྟོན་བྱས།
2017.06.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 5

ཉེ་ཆར། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན་གྱི་འགན་ཁུར་མི་སྣས་ཁྲུའུ་རིམ་པའི་འབྲེལ་ཡོད་འགན་ཁུར་བློ་མཐུན་དང་གློག་རྡུལ་ཚོང་དོན་ཁེ་ལས་ཀྱི་འགན་ཁུར་མི་སྣ་བཞི་ཁྲིད་ནས། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་དང་ཀོས་ནན་རྫོང་། ཁྲི་ཀ་རྫོང་བཅས་སུ་སོང་ནས་ཆེད་དོན་བརྟག་དཔྱད་ཞིབ་འཇུག་དང་ཐོན་ལས་དབུལ་སྐྱོར་གྱི་འབྲེལ་ཡོད་བྱ་བར་ལྟ་སྐུལ་མཛུབ་སྟོན་བྱས། 
བརྟག་དཔྱད་བྱེད་སྐབས། བརྟག་དཔྱད་ཚན་ཆུང་འཁོར་དང་བཅས་པ་ཡུལ་དངོས་སུ་སོང་ནས་ཞིན་ཧེ་རྫོང་གི་དབུལ་སྐྱོར་ཐོན་ལས་རྐང་ཐང་སྲང་ལམ་དང་དཀྱིལ་སྙིང་ཚོང་ར། དབུར་རྩྭ་དགུན་འབུའི་ཚོང་ར། བཀྲ་རིག་གླིང་ཀའི་མི་རིགས་ཚོང་དོན་ཚད་ཡོད་ཀུང་ཟི ཞིང་ལས་ཉོ་ཚོང་ཁྲོམ་ར་སོགས་ལས་གཞིར་རྟོག་ཞིབ་བྱས་པ་དང་། གོང་གི་ལས་གཞི་དག་གི་ཚད་ལྡན་གྱི་ཚད་དང་དབུལ་སྐྱོར་བྱ་བར་རྒྱུས་ལོན་ཞིབ་མོ་བྱས། དེ་དང་མཉམ་དུ། གློག་རྡུལ་ཚོང་དོན་ཆེད་མཁས་པ་བཞི་རྫོང་སོ་སོའི་གློག་རྡུལ་ཚོང་དོན་སྡེ་བར་བསྐྱོད་པའི་བྱ་བར་ཆེད་ལས་མཛུབ་སྟོན་བྱས།