ད་ལོའི་ལོ་མགོར། ཞིང་ལས་གསར་སྤེལ་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་ཞིང་ཕྱུགས་ལས་ཀྱི་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ལ་ཞབས་ཕྱི་སྒྲུབ་པ་གཙོ་བོར་འཛིན་པ་དང་། རྒྱལ་ཁབ་ཀྱི་དབུལ་སྒྱུར་མཁྲེགས་གཏོར་འཐབ་ཇུས་ལ་ཞབས་ཕྱི་སྒྲུབ་པ་རང་གི་ལས་འགན་ཞིག་ཏུ་བརྩིས་ནས། ཞིང་གསུམ་ལ་རོགས་སྐྱོར་བྱེད་པའི་ཤུགས་ཚད་རྒྱུན་ཆད་མེད་པར་ཇེ་ཆེར་གཏོང་བ་དང་། སྟོབས་ཤུགས་ཡོད་རྒུ་བཏོན་ནས་ཞིང་ཆེན་ཡོངས་ཀྱི་ཞིང་ལས་དང་ཞིང་སྡེའི་དཔལ་འབྱོར་འཕེལ་རྒྱས་ལ་ཞབས་ཕྱི་བསྒྲུབས། ཟླ་ལྔ་བའི་ཟླ་མཇུག་བར་དུ། ཞིང་ལས་གསར་སྤེལ་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡུན་ལག་དངུལ་ཁང་གིས་དངུལ་བུན་སྣ་ཚོགས་སྒོར་ཐེར་ཆེན་བཞི་ལྷག་བཏང་སྟེ། ད་ལོའི་ལོ་མགོ་ལས་བརྒྱ་ཆའི་ཉེར་བདུན་འཕར།
ཟླ་དང་པོ་ནས་ཟླ་ལྔ་བའི་བར་དུ། ཞིང་ལས་གསར་སྤེལ་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡུན་ལག་དངུལ་ཁང་གིས་དངུལ་བུན་སྣ་ཚོགས་སྒོར་ཐེར་ཆེན་གཅིག་དང་ཐེར་འབུམ་གསུམ་དུང་ཕྱུར་བདུན་ལྷག་བཏང་སྟེ། ཞིང་སྡེའི་འགྲིམ་འགྲུལ་དང་ཁང་རྙིང་ཁུལ་བསྒྱུར་བཀོད། ཆུ་བེད་འཛུགས་སྐྲུན། མཁར་གྲོང་གཞི་གཅིག་ཅན་དུ་འཛུགས་སྐྲུན། དབུལ་སྐྱོར་གསར་སྤེལ། ཞིང་སྡེའི་ཁོར་ཡུག་ལེགས་བཅོས། ཐོན་ལས་ཅན་གྱི་ཁེ་ལས་གཙོ་བོ་སོགས་ཞིང་ལས་དང་ཞིང་སྡེའི་རྨང་གཞི་ཞན་པའི་ཁྱབ་ཁོངས་ལ་རོགས་སྐྱོར་བྱས་པར་མ་ཟད། དངུལ་ལོར་ལ་བརྟེན་ནས་ཞིང་སྡེ་གསར་བ་འཛུགས་སྐྲུན་བྱེད་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ཞིང་ལས་སྟོབས་ལྡན་དང་ཞིང་བ་ཕྱུག་སྒྱུར། ཞིང་ལས་ལ་ཕན་བདེ་སྐྲུན་པ་བཅས་ཀྱི་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བར་བྱས།