ཉེ་ལམ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་ཁྱོན་རྒྱས་ཞང་གིས་ཉིས་སྟོང་བཅུ་བདུན་ལོའི་ལས་བྱེད་པའི་འཇོན་ནུས་མཐོར་འདེགས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་རབ་དང་རིམ་པ་དངོས་སུ་སྒྲུབ་མགོ་བརྩམས།
ཁྱོན་རྒྱས་ཞང་གིས་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་དེ་ལས་བྱེད་པའི་སྤུས་ཚད་དང་ནུས་པ་མཐོར་འདེགས་གཏོང་བའི་བགྲོད་ལམ་གལ་ཆེན་ཏུ་བརྩིས་ནས། རྣམ་པ་གསར་གཏོད་བྱེད་པ་དང་རིགས་བགར་ཏེ་སློབ་སྟོན་བྱེད་པ་བརྒྱུད་ནས་སྟོབས་ཤུགས་ཡོད་རྒུས་ཞང་ཡོངས་ཀྱི་ལས་བྱེད་པའི་སློབ་གསོ་ཆེན་པོ་དང་གསོ་སྦྱོང་ཆེན་པོའི་རྣམ་པ་ཆགས་པར་བྱས། ཟླ་བཞི་བ་ནས་བཟུང་། ཟླ་རེར་གསོ་སྦྱོང་འཛིན་གྲྭ་རེ་བཀོད་སྒྲིག་བྱས་ནས་རིམ་པ་དང་རིགས་བགར་ཏེ་གཅིག་བསྡུས་གསོ་སྦྱོང་བྱས་པ་དང་གཙོ་བོར་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་ཏང་གཤིས་བློ་སྦྱོང་། གནད་ཕིགས་དབུལ་སྐྱོར་སོགས་ཕྱོགས་ནས་སློབ་ཁྲིད་བྱས་པ་དང་གསོ་སྦྱོང་བྱེད་ཡུལ་ནི་ཞང་ཏང་སྲིད་སྡེ་ཁག་གི་ལས་བྱེད་པ་ཡོངས་དང་སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་ཚན་ཁག་གི་ཁོངས་མི། རོང་འབྲོག་ཁུལ་གྱི་བདག་གཉེར་དོ་དམ་ཤེས་ལྡན་མི་སྣ་སོགས་ཡིན་ལ། ཟླ་རེ་རེར་གསོ་སྦྱོང་ཡོད་པ་དང་མི་རེ་རེར་མཐོར་འདེགས་ཡོད་པ་འགན་སྲུང་བྱས་ནས་རྒྱུན་ཆད་མེད་པར་ཞང་སྡེའི་ལས་བྱེད་པའི་དཔུང་སྡེའི་ལས་འགན་ལག་བསྟར་དོན་འཁྱོལ་བྱེད་པ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མང་ཚོགས་ལ་ཞབས་ཞུ་བསྒྲུབ་པའི་ནུས་པ་མཐོར་འདེགས་སུ་བཏང་།