ཐུན་ཏེ་རྫོང་གི་རྣམ་པ་གསར་བའི་ཞིང་ཕྱུགས་ལས་དཔལ་འབྱོར་རྩ་འཛུགས་རྒྱུན་མཐུད་བདེ་ཐང་ངང་འཕེལ་རྒྱས་སུ་སོང་།
2017.06.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 1

ཉེ་བའི་ལོ་འདི་དག་གི་རིང་ལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་གིས་ཚོང་རའི་ཐོན་ཁུངས་བཀོད་སྒྲིག་གི་རེ་བ་ལྟར། དཔལ་འབྱོར་གྲུབ་ཚུལ་ལེགས་སྒྲིག་དང་ཞིང་ཕྱུགས་ལས་ཚོང་ར་ཅན་གྱི་བདག་གཉེར་ལ་སྐུལ་སྤེལ། ཞིང་ཕྱུགས་ལས་མཉམ་ལས་དཔལ་འབྱོར་རྩ་འཛུགས་ཀྱི་རྒྱུན་མཐུད་བརྟན་འཇགས་ལ་སྐུལ་འདེད་བྱས།

རྫོང་ཡོངས་ལ་བསྡོམས་པས་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་ང་གཅིག་དང་། ཞིང་བའི་ཆེད་ལས་མཉམ་ལས་ཁང་གོ་གསུམ། ཁྱིམ་ཚང་གི་ཞིང་ཕྱུགས་ར་རེ་གཅིག་བཙུགས་ནས། ཤ་སྐམ་དང་འབྲི་ཞོ་སོགས་ཚབ་མཚོན་རང་བཞིན་གྱི་ཞིང་ཕྱུགས་ཐོན་རྫས་གྲུབ་པར་བྱས་ཤིང་། རྣམ་པ་གསར་བའི་ཞིང་ཕྱུགས་ལས་བདག་གཉེར་གཙོ་ཤུགས་ལ་དཔལ་འབྱོར་ཡོང་སྒོ་ཡོད་པར་བྱས་ཏེ་ཞིང་ཕྱུགས་ལས་དང་རོང་འབྲོག་དམངས་ཀྱི་ཡོང་སྒོ་ཇེ་མང་དུ་བཏང་།