གློག་སྒུལ་རླངས་འཁོར་རུ་ཁག་གིས་སྤྱི་ལེ་ཉིས་བརྒྱ་གོ་གཅིག་བང་གིས་བརྒལ་ནས་དཔྱད་འཇོག་གི་རྣམ་གྲངས་བཞི་ཡོངས་འགྲུབ་བྱས།
2017.06.21 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 3

ཟླ་དྲུག་པའི་ཚེས་ཉི་ཤུ་ཉིན་གྱི་སྔ་དྲོར་མཚོ་སྔོན་ཟློས་གར་ཁང་ཆེན་མོའི་མདུན་དུ་མི་ཚོགས་ཀྱིས་ཁེངས་ཡོད་ལ། སྐབས་བཞི་བའི་རྒྱལ་སྤྱིའི་གློག་སྒུལ་རླངས་འཁོར་འགྲན་སྡུར་ལ་ཞུགས་པར་ཡོང་བའི་རླངས་འཁོར་དང་འགྲན་ཞུགས་པ། སྐུ་མགྲོན་བཅས་ཡུལ་དངོས་སུ་ཐོན་པ་དང་། ཀོན་ཀྲི་ལིན་དང་ལི་ལེང་ཝེ། ཕན་ཞའོ་ཐེན་སོགས་རིག་གནས་སྒྱུ་རྩལ་དང་ལུས་རྩལ་ལས་རིགས་མིང་གྲགས་མི་སྣ་རྣམས་ཡུལ་དངོས་སུ་ཐོན་པས། རྣམ་པ་སྔར་ལས་གཟབ་རྒྱས་སུ་བཏང་།  འགྲན་སྡུར་མགོ་རྩོམ་པའི་མཛད་སྒོའི་རྗེས་སུ་གློག་སྒུལ་རླངས་འཁོར་རུ་ཁག་ཟི་ལིང་ནས་མཚོ་སྔོན་པོར་བསྐྱོད་མགོ་ཚུགས་པ་དང་། ཉིན་གཅིག་རིང་གི་མཚོ་སྐོར་དཔྱད་འཇོག་འགྲན་སྡུར་མགོ་བརྩམས།

 1.jpg

2.jpg

 

འགྲན་སྡུར་རླངས་འཁོར་རུ་ཁག་མཚོ་སྔོན་ཟློས་གར་ཁང་ཆེན་མོ་ནས་ལམ་ལ་ཆས་པ་དང་། རིམ་པ་བཞིན་རིག་སྨོན་དང་གླང་ཆེན་མཆེ་བ། རྟ་ནག་མ་བཅས་བརྒྱུད་མཐར་ཚྭ་མཚོའི་ཁར་ཐོན་པ་དང་། སྤྱི་ལེ་291ལྷག་གི་མཚོ་སྐོར་འགྲན་རིམ་ཡོངས་འགྲུབ་བྱས་ཏེ། ཐེངས་འདིའི་སྤྱིའི་འགྲན་སྡུར་ལམ་ཐག་གི་སུམ་ཆའི་གཅིག་ལ་བསྐྱོད་པ་རེད། པེ་ཆི་EC180དང་EX260 EU400 ཀྲུང་ཐེ་E200 རོང་ཝེERX5 ཁྲང་ཨན་ཞིན་པིན་པིན་EV ཏུང་ཧྥིན་E30 པེས་ཡ་ཏི་EVབཅས་ནས་ཡོང་བའི་འགྲན་ཞུགས་གློག་སྒུལ་རླངས་ཀྱིས་མཛད་སྤྱོད་པས་སེམས་ཁུར་བྱེད་བཞིན་པའི་གློག་སྒུལ་རླངས་འཁོར་གྱི་ནང་གི་བཀོད་པ་དང་མགྱོགས་བསོག་གློག་ནུས། ཚན་རྩལ་སྒྲིག་གཞི། སྤྲོ་སྣང་གི་སྒྲིག་གཞི་བཅས་ཕྱོགས་བཞིའི་ཐད་ནས་དཔྱད་འཇོག་འགྲན་སྡུར་སྤེལ་བ་རེད།

 

 3.jpg

 

 འགྲན་རིམ་དང་པོའི་ནང་དུ་གློག་སྒུལ་རླངས་འཁོར་གྱི་ནང་གི་བཀོད་པའི་ཐད་ཀྱི་དཔྱད་འཇོག་སྤེལ་བ་དང་། འགྲན་རིམ་གཉིས་པའི་ཁྲོད་དུ་མགྱོགས་བསོག་གློག་ནུས་ཐད་ཀྱི་དཔྱད་འཇོག་སྤེལ་བ་རེད། འགྲན་རིམ་གསུམ་པའི་ནང་དུ་ཚན་རྩལ་སྒྲིག་གཞི་དང་སྒྲ་ཞན་ཕན་ནུས་ཀྱི་དཔྱད་འཇོག་སྤེལ་བ་རེད། འགྲན་རིམ་བཞི་བའི་ཁྲོད་དུ་སྤྲོ་སྣང་གི་འདུ་ཤེས་དང་རླངས་འཁོར་ནང་གི་འཆར་འགོད་ཕྱོགས་ནས་དཔྱད་འཇོག་སྤེལ་བ་རེད།

 

 4.jpg

 

 འགྲན་རིམ་གྱི་དཔྱད་འཇོག་མཇུག་སྒྲིལ་རྗེས་འགྲན་སྡུར་རྩ་འཛུགས་ཚན་ཁག་གིས་ཚྭ་ཁའི་ཚྭ་མཚོའི་ལྗོངས་རྒྱུ་ཁུལ་ནས་དྭགས་གཙང་གི་མཁའ་དབྱངས་ཞེས་པའི་གཞི་རྒྱ་ཆེ་བའི་སྤྱི་ཕན་བྱ་འགུལ་སྤེལ་བ་རེད།

 

 5.jpg

 ཐེངས་འདིའི་འགྲན་སྡུར་གྱི་སྣང་མཚོན་ཕོ་ཉ་ཕན་ཞའོ་ཐིན་དང་ཞེ་ཨོ་ཝེ་གཉིས་ཀྱིས་མིང་གྲགས་ཆེ་བའི་སྣང་མཚོན་ཕོ་ཉ་རྣམས་ཀྱི་ཚབ་བྱས་ཏེ། མི་རྣམས་ཀྱིས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ་དང་གློག་སྒུལ་རླངས་འཁོར་བསྐོར་ནས་ལྷད་མེད་འགྲུལ་བཞུད་ལ་མཐོང་ཆེན་བྱེད་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། ཐེངས་འདིའི་མཚོ་སྐོར་གློག་སྒུལ་རླངས་འཁོར་འགྲན་སྡུར་རྒྱལ་ཁའི་ངང་ལེགས་འགྲུབ་ཡོང་བའི་སྨོན་འདུན་ཞུས།

6.jpg