ཟླ6པའི་ཚེས21ཉིན། ཀྲུང་གོ་ན་གཞོན་ཁེ་ལས་པའི་མཐུན་ཚོགས་དང་གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཏང་ཨུ། མཚོ་སྔོན་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུའུ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཅས་ཀྱིས་མཉམ་འབྲེལ་སྒོས་གཙོ་སྒྲུབ་བྱས་པའི་ན་གཞོན་ལས་སྐྲུན་ལ་བརྟེན་ནས་དབུལ་ཐར་མཁྲེགས་གཏོར་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་མཐོ་རིམ་བགྲོ་གླེང་ཚོགས་འདུ་དང་ཀྲུང་གོ་ན་གཞོན་གསར་སྐྲུན་ལས་སྐྲུན་གྱི་ཤེས་ལྡན་མི་སྣའི་གསོ་སྐྱོང་ས་ཚིགས་འཛུགས་པའི་མཛད་སྒོ་ནུབ་མཚོ་གྲོང་རྡལ་ནས་སྤེལ། རྒྱལ་ཡོངས་ཀྱི་ན་གཞོན་ཁེ་ལས་པ་དང་ན་གཞོན་ལས་སྐྲུན་པའི་མཛུབ་སྟོན་དགེ་རྒན། ན་གཞོན་ལས་སྐྲུན་གྱི་འཐུས་ཚབ་སོགས་མི་བཞི་བརྒྱ་ལྷག་ཐེངས་འདིའི་བྱ་འགུལ་ལ་ཞུགས།
ཚོགས་འདུའི་སྟེང་། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་དབུལ་སྐྱོར་ཅུའུ། ཀྲུང་གོ་ན་གཞོན་ཁེ་ལས་པའི་མཐུན་ཚོགས་ཀྱི་འགན་ཁུར་མི་སྣ་དང་ན་གཞོན་ལས་སྐྲུན་གྱི་འཐུས་མིས་བརྗོད་བྱ་གཙོ་བོའི་གཏམ་བཤད་སྤེལ།