མཚོ་ལྷོ་ཁུལ་གྱིས་དབུལ་ཐར་མཁྲེགས་གཏོར་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་བཏང་།
2017.06.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 6

ད་ལོར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་དབུལ་ཕོངས་སྡེ་བ་སོ་ལྔ་དང་དབུལ་ཕོངས་མི་གྲངས་ཁྲི་གཅིག་དབུལ་ཐར་བྱེད་པའི་དམིགས་འབེན་ལས་འགན་ལ་དམིགས་་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པའི་བྱ་འགུལ་དང་ཟུང་འབྲེལ་བྱས་ཏེ། དབུལ་ཐར་མཁྲེགས་གཏོར་བྱ་བ་བརྟན་བརླིང་ངང་སྤེལ་བ་དང་། རིགས་སོ་སོའི་མང་ཚོགས་ཀྱི་དམངས་ཚིས་གནད་དོན་ལེགས་བསྒྱུར་བྱས་ནས། དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པའི་བྱ་འགུལ་གྱི་ཤུགས་ཡོད་བྱེད་ཐབས་སུ་བསྒྱུར་བ་དང་། རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་ཚོར་མཐོར་འདེགས་བྱེད་པར་བརྟེན་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཁུལ་འཛུགས་སྐྲུན་བྱེད་པའི་གྲུབ་འབྲས་ལ་རྩིས་ཞིབ་ཚད་ལེན་བྱས།

བྱ་བའི་ཁྲོད་མཚོ་ལྷོ་ཁུལ་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཁུལ་འཛུགས་སྐྲུན་བྱེད་པའི་བྱ་འགུལ་དེ་དབུལ་ཐར་མཁྲེགས་གཏོར་བྱ་བའི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ཏེ། དབུལ་ཐར་མཁྲེགས་གཏོར་འགུལ་སྐྱོད་ཁྱོན་ཡོངས་ནས་སྤེལ་བས། ཐོན་ལས་དབུལ་སྐྱོར་མི་གྲངས་ཁྲི་གཉིས་ལྷག་དང་ཡུལ་གཞན་གནས་སྤོར་དབུལ་སྐྱོར་ལས་གཞི་ཐད་ཀྱི་ཁྱིམ་ཚང་སྟོང་གཅིག་དང་སུམ་བརྒྱ་ལྷག་བསླེབས་པར་བྱས། ཁུལ་ཡོངས་ཀྱི་བསྒྱུར་བ་བཞིའི་རྟོག་ཞིག་བྱ་འགུལ་ཆེན་པོ་དང་ཟུང་འབྲེལ་བྱས་ནས་རོང་འབྲོག་ཁུལ་གྱི་དབུལ་ཕོངས་ཁྱིམ་ཚང་དང་དངུལ་རྩའི་དབུལ་སྐྱོར་གྲངས་ཉུང་དངུལ་བུན་ཐད་ཀྱི་རྟོག་ཞིབ་སྤེལ་ནས། རྫོང་སོ་སོའི་དབུལ་ཕོངས་ཁྱིམ་ཚང་ཁྱབ་ཚུལ་དང་བསྡུར་ཚད། ཁྱིམ་ཚང་གི་གྲངས་ཀ་དང་མི་གྲངས་ལ་ཁྱོན་ཡོངས་ནས་རྒྱུས་ལོན་གསལ་བོ་བྱས། དེའི་ཁར་ནོར་སྲིད་ཆེད་སྤྱོད་དབུལ་སྐྱོར་མ་དངུལ་སྐོར་ཐེངས་དང་པོ་དངོས་འབེབས་བྱས་ནས། མིག་སྔའི་བར་དུ། ཞིང་ཆེན་རིམ་པའི་ནོར་སྲིད་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་ལྔ་ས་ཡ་བརྒྱད་དངོས་སུ་མར་བྱིན།

དེ་དང་མཉམ་དུ། ཞིང་ཆེན་དང་ཁུལ་ཏང་ཨུའི་བཀོད་སྒྲིག་རེ་བ་ལྟར། རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་པ་དང་། འགན་འཁྲི་ལག་བསྟར་ནན་མོ་བྱེད་པ། བྱ་བའི་བྱེད་ཐབས་ཇེ་རྒྱས་ཇེ་ལེགས་སུ་བཏང་མཐར། དག་ཐེར་ལེགས་བཅོས་བྱ་བ་ཚད་མཐོ་བ་དང་ཕན་འབྲས་བཟང་བའི་སྒོ་ནས་སྤེལ། ཞིང་ཆེན་གྱིས་ཁྱབ་བསྒྲགས་བྱས་པའི་ཕྱོགས་བརྒྱད་ཐད་ཀྱི་འབུར་ཐོན་གནད་དོན་ལ་དག་ཐེར་ལེགས་བཅོས་བྱེད་པའི་ཞོར་དུ། ཁུལ་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་ཁྲོད་གནས་པའི་ཐུན་མོང་གི་གནད་དོན་བཅུ་དྲུག་དང་རྫོང་ལྔའི་གནད་དོན་ཉེར་བཞི་ལ་དག་ཐེར་ལེགས་བཅོས་བྱེད་པའི་ཐད་ཀྱི་གསལ་ཁྲ་བཙུགས་ནས། རིམ་པ་བཞིན་དག་ཐེར་ལེགས་བཅོས་བྱས། རིམ་པ་སོ་སོའི་མགོ་ཁྲིད་དང་ལས་བྱེད་པས་འགན་ལེན་འབྲེལ་འདྲིས་བྱེད་པའི་ལམ་ལུགས་ལག་བསྟར་ནན་མོ་བྱས་ཏེ། གནད་དོན་ལ་བརྟག་བཤེར་དང་དག་ཐེར་ལེགས་བཅོས་བྱེད་པའི་བྱ་བར་རྗེས་འདེད་མཛུབ་སྟོན་བྱས། མིག་སྔར། ཐུན་མོང་དུ་གནས་པའི་གནད་དོན་ཡོངས་རྫོགས་ལ་དག་ཐེར་ལེགས་བཅོས་བྱས་ཟིན་པ་དང་། དེ་ལས་གཞན་པའི་གནད་དོན་བཅོ་བརྒྱད་ལ་ཡང་དག་ཐེར་ལེགས་བཅོས་བྱས།