ཉིས་སྟོང་བཅུ་བདུན་ལོའི་ཀྲུང་གོ་ནས་ཆང་རིག་གནས་དུས་ཆེན་ཧུའུ་ཀྲུའུ་རྫོང་ནས་དངོས་སུ་སྤེལ་མགོ་བརྩམས།
2017.06.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 6

ཟླ་དྲུག་པའི་ཚེས་ཉེར་བཞི་ཉིན། ཉིས་སྟོང་བཅུ་བདུན་ལོའི་ཀྲུང་གོ་ནས་ཆང་རིག་གནས་དུས་ཆེན་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ནས་དངོས་སུ་སྤེལ་མགོ་བརྩམས། ཀྲུང་གོ་ནས་ཆང་རིག་གནས་དུས་ཆེན་ཐོག་མའི་བསྡུ་ཡུན་ནི་ཉིན་བཅུ་ཡིན་པ་དང་། དུས་ཡུན་ཉིན་བཅུའི་རིང་ལ་ཕྱི་ཕྱོགས་སུ་ནས་ཆང་རིག་གནས་དར་སྤེལ་བྱེད་པའི་དུས་མཚུངས་སུ། རིག་གནས་མིང་གྲགས་ཞིང་ཆེན་འཛུགས་སྐྲུན་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས། ཤུགས་ཆེན་པོའི་སྒོ་ནས་རྒྱུད་གཅིག་ལམ་གཅིག་གི་རྒྱལ་ཁབ་ཀྱི་འབོད་སྐུལ་དང་ལེན་བྱེད་རྒྱུ་རེད།

ཐེངས་འདིའི་ཀྲུང་གོ་ནས་ཆང་རིག་གནས་དུས་ཆེན་གྱིས་མཚོ་སྔོན་དུ་བསྡད་ནས་འཛམ་གླིང་དང་མཉམ་དུ་གཙང་བཞེས་གནང་རྒྱུ་ཞེས་པ་བརྗོད་དོན་དུ་བཟུང་ནས། མཐོ་སྒང་གི་ས་ཁོངས་རྒྱབ་ལྗོངས་དང་། རྒྱལ་ཁོངས་ལས་བརྒལ་ནས་འཛམ་གླིང་དང་ཁ་བརྡ་བྱེད་ཐུབ་པའི་མི་ཆོས་གནས་སྟངས་དང་། ཐུན་མིན་གྱི་ཆང་རིགས་བརྗོད་དོན་ཡིན་པའི་བྱ་འགུལ་མོད་པོ་བརྒྱུད་སྒྲོག་བྱེད་རྒྱུ་རེད། ཟླ་དྲུག་པའི་ཚེས་ཉེར་བཞི་ཉིན་ནས་ཟླ་བདུན་པའི་ཚེས་གསུམ་ཉིན་བར་དུ། ཧོར་རིགས་ཀྱི་ཁྱད་ཆོས་ལྡན་པའི་གླུ་གར་ངོམ་རྒྱུ་དང་། གཟུགས་འདས་ཤུལ་བཞག་རིག་གནས་འགྲེམ་སྟོན་བྱེད་པ། བྲོ་བཅུད་འཛོམས་པའི་མཐོ་སྒང་གི་ཁྱད་ལྡན་ཟས་རིགས། དྲི་ཞིམ་ཕྱོགས་ཀུན་འཐུལ་བའི་ནས་ཆང་འགྲེམ་སྟོན་བྱེད་པ། ལང་ཚོའི་གསོན་སྟོབས་ངོམ་པ། མི་མང་པོས་ནས་ཆང་གཙང་བཞེས་གནང་བའི་རྣམ་པ་བཅས་མངོན་པར་འབད་རྒྱུ་རེད།