ཉེ་ལམ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་གིས་ཞིང་ཕྱུགས་ཅུའུ་དང་ཚན་རྩལ་ཅུའུ་ཡི་ཆེད་ལས་ལག་རྩལ་མི་སྣ་རྩ་འཛུགས་བྱས་ནས་རྫོང་མི་རིགས་སློབ་འབྲིང་གཉིས་པར་ཟབ་ཞུགས་བྱས་ཏེ་ཐུམ་འབུའི་ནད་སྔོན་འགོག་བྱེད་པ་བརྗོད་གཞི་ཡིན་པའི་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་སྤེལ་བ་དང་སློབ་གྲྭ་ཡོངས་ཀྱི་དགེ་སློབ་སྟོང་ལྷག་ལ་ཐུམ་འབུའི་ནད་འགོག་བཅོས་བྱེད་པའི་འབྲེལ་ཡོད་ཤེས་བྱའི་ཐད་ནས་ཞིབ་ཕྲའི་འགྲེལ་བཤད་བྱས།
བྱ་འགུལ་སྐབས་སུ་འཕྲེད་ཡིག་གཉིས་བཀལ་བ་དང་འགྲེམ་སྟོན་པང་ལེབ་སུམ་ཅུ་འགྲེམ་སྟོན་བྱས་ལ། དྲིལ་སྒྲོག་ལག་དེབ་དང་འགེལ་རིས་སྟོང་ལྷག་བྱིན། ཐེངས་འདིའི་བྱ་འགུལ་བརྒྱུད་དེ། རྒྱ་ཆེའི་དགེ་སློབ་རྣམས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་ཐུམ་འབུའི་ནད་ཀྱི་གནོད་སྐྱོན་རང་བཞིན་ལ་རྒྱུས་ལོན་བྱས་པ་དང་ནུས་ཡོད་སྒོས་རྒྱ་ཆེའི་དགེ་སློབ་རྣམས་ཀྱིས་ཐུམ་འབུའི་ནད་འགོག་བཅོས་བྱས་ཏེ་རང་ཉིད་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་འདུ་ཤེས་མཐོར་འདེགས་སུ་བཏང་།