ན་གོར་མོ་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་ཀྲུང་དབྱང་གི་ནོར་སྲིད་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བདུན་གྱི་རྒྱབ་སྐྱོར་ཐོབ།
2017.06.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 5

2017ལོའི་མཚོ་སྔོན་ཞིང་ཆེན་བོད་ཁུལ་གྱི་ཀྲུང་དབྱང་ཆེད་སྤྱོད་སྔོན་རྩིས་ནང་གི་འཆར་གཞི་ལྟར་ན། ད་ལོར་ན་གོར་མོ་གྲོང་ཁྱེར་ལ་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་གཅིག་ས་ཡ་གཉིས་འབུམ་ལྔ་ཁྲི་དགུ་ཐོབ་པ་དང་། དེའི་ནང་ཀྲུང་དབྱང་གི་སྔོན་རྩིས་ནང་གི་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བདུན་ས་ཡ་ལྔ་འབུམ་དགུ་ཐོབ་པས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཆུ་ཚད་སྔར་ལས་ལྷག་པའི་སྒོ་ནས་མཐོར་འདེགས་སུ་གཏོང་རྒྱུ་རེད།

ན་གོར་མོ་གྲོང་ཁྱེར་ལ་ཀྲུང་དབྱང་གི་མ་དངུལ་རྒྱབ་སྐྱོར་ཐོབ་པའི་ལས་གཞི་གཙོ་བོ་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་གྱི་ཁྱབ་ཁོངས་དང་སློབ་གསོ། འགྲིམ་འགྲུལ། སྲིད་འཛིན་ཞབས་ཞུ་སོགས་ཀྱི་ཕྱོགས་ཡིན་པ་དང་། དེའི་ནང་སློབ་གསོའི་ཐད་ཀྱི་ལས་གཞི་གཉིས་ཡོད་པ་ལས་གྲོང་ཁྱེར་གྱི་སློབ་འབྲིང་བཞི་བའི་འཛུགས་སྐྲུན་ལས་གཞི་ནང་གསར་དུ་བསྐྲུན་པའི་སློབ་ཁྲིད་བྱེད་སའི་ཁང་བ་རྨིད་གྲུ་བཞི་མ་སྟོང་དྲུག་དང་ལུས་རྩལ་བྱེད་སྒོ་ཁང་རྨིད་གྲུ་བཞི་མ་སྟོང་གཅིག་དང་བརྒྱ་འདུ། གྲོང་ཁྱེར་གྱི་སློབ་འབྲིང་དྲུག་པའི་འཛུགས་སྐྲུན་ལས་གཞིའི་ནང་གསར་དུ་བསྐྲུན་པའི་ལུས་རྩལ་བྱ་འགུལ་ཁང་རྨིད་གྲུ་བཞི་མ་བརྒྱད་བརྒྱ་ལྔ་བཅུ་འདུ། འགྲིམ་འགྲུལ་ཐད་ཀྱི་ལས་གཞི་ལྔ་དང་ཞང་དང་གྲོང་རྡལ་གྱི་སྟབས་བདེ་ཞབས་ཞུ་ཚོམས་ཆེན་བཞི་སོགས་འདུ།