མཚོ་སྐོར་རྒྱལ་སྤྱིའི་གློག་སྒུལ་རླངས་འཁོར་འགྲན་སྡུར་སྐབས་བཞི་བ་བདེ་བླག་ངང་མཇུག་བསྡུས།
2017.06.27 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 3

1.jpg

མཚོ་སྐོར་རྒྱལ་སྤྱིའི་གློག་སྒུལ་རླངས་འཁོར་འགྲན་སྡུར་སྐབས་བཞི་བ་ཟླ་དྲུག་པའི་ཚེས་ཉེར་གཉིས་ཉིན་མཚོ་སྔོན་ནས་བདེ་བླག་ངང་མཇུག་བསྡུས། ཐེངས་འདིའི་འགྲན་སྡུར་ཁྱོན་བསྡོམས་པས་ཉིན་བདུན་རིང་ལ་སྤེལ་བ་དང་། ཚེས་ཉེར་གཉིས་ཉིན་ནི་ཆེས་མཇུག་མཐའི་འགྲན་སྡུར་ཉིན་མོ་ཡིན་པར་མ་ཟད། འགྲན་ཞུགས་རླངས་འཁོར་གྱི་མུ་བསྐྱོད་ནུས་ཚད་ལ་ཚད་འཇལ་ཚོད་ལྟ་བྱེད་པའི་གོ་རིམ་གལ་ཆེན་ཞིག་རེད།

5.jpg

འགྲན་ཞུགས་རླངས་འཁོར་རུ་ཁག་གིས་མཇུག་མཐར་རྐང་ཚ་ནས་ཟི་ལིང་བར་གྱི་མུ་བགྲོད་ནུས་ཚད་ཀྱི་འགྲན་སྡུར་སྤེལ་བ་རེད།ཕྱི་དྲོའི་དུས་ཚོད་གསུམ་དང་ཕྱེད་ཀའི་སྟེང་འགྲན་ཞུགས་རླངས་འཁོར་རུ་ཁག་མཚོ་སྔོན་ཟློས་གར་ཁང་ཆེན་མོའི་ཐང་ཆེན་དུ་མཛོམས་ནས་གློག་འཁོར་ཕྱིར་སྤྲོད་པའི་མཛད་སྒོ་བསྡུས་པ་དང་། སྤྱི་ཕན་སྣང་མཚོན་ཕོ་ཉ་ཀྲང་ཅི་ཀྲུང་དང་ཀོན་ཀྲི་ལིན། ལིས་ལེང་ཝེ། འགྲན་སྡུར་སྣང་མཚོན་ཕོ་ཉ་ཕན་ཞའོ་ཐིན། སྤྱི་ཕན་ཁྱབ་བརྡལ་ཕོ་ཉ་སང་ཞོའེ། ཞེ་ཨོ་ཝེ། མའོ་ཧོས་ལན། ཧོང་ཅིན་ཞོན་སོགས་ཀྱིས་མཚོ་སྐོར་གློག་སྒུལ་རླངས་འཁོར་འགྲན་སྡུར་སྐབས་བཞི་མཇུག་བསྡུའི་མཛད་སྒོར་མཐོ་རླབས་ཀྱི་སྒུལ་ཤུགས་གསར་བ་ཞིག་བསྣན།

2.jpg

3.jpg

དགོང་མོའི་དུས་ཚོད་བརྒྱད་ཀྱི་སྟེང་“ཀྲུང་གོའི་དངུལ་ཁང་ལྗང་མདོག་གི་ཕུགས་འདུན”ཞེས་པའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཐེངས་བཅོ་བརྒྱད་པ་མཇུག་བསྡུ་བའི་མཛད་སྒོ་དང་མཚོ་སྐོར་རྒྱལ་སྤྱིའི་གློག་སྒུལ་རླངས་འཁོར་འགྲན་སྡུར་སྐབས་བཞི་བའི་བྱ་དགའ་སྟེར་བའི་མཛད་སྒོ་བསྡུས་པ་རེད། བྱ་དགའ་སྟེར་བའི་མཛད་སྒོའི་སྟེང་མཚོ་སྔོན་གྱི་རྒྱུད་གཅིག་ལམ་གཅིག་གི་གྲོས་འདོན་ཁྱབ་སྤེལ་བྱེད་པ་དང་སྒོ་འབྱེད་མཉམ་ལས་དང་ལྷད་མེད་འཕེལ་རྒྱས་བཅས་ཀྱི་དགོངས་དོན་གཞིར་བཟུང་ནས། རིག་རྩལ་འཁྲབ་སྟོན་གྱི་རྣམ་པ་ཡོད་ཚད་མཐོ་གསར་ལག་རྩལ་དང་མཉམ་འདྲེས་བྱེད་པ་དང་། མཚོ་སྔོན་མི་རིགས་ཀྱི་ཁྱད་ཆོས་དང་ས་གནས་ཀྱི་ཁྱད་ཆོས། ལྷད་མེད་ཁོར་སྲུང་སོགས་ཀྱི་ཁྱད་ཆོས་སྒོ་ཀུན་ནས་མཚོན་པར་བྱས།

4.jpg

7.jpg 

རིག་རྩལ་འཁྲབ་སྟོན་དང་བྱ་དགའ་སྟེར་བའི་གོ་རིམ་གཉིས་ཟུང་དུ་སྦྲེལ་ཏེ། སོ་སོར་རླངས་འཁོར་རུ་ཁག་ཀ་བ་དང་ཁ་བ། suvབཅས་ལ་ཆེད་ལས་རྣམ་གྲངས་བཅུ་གསུམ་གྱི་དཔྱད་འཇོག་བྱ་དགའ་བྱིན་པར་མ་ཟད། འགྲན་སྡུར་རྩ་འཛུགས་ཨུ་ཡོན་ལྷན་ཁང་གིས་ད་དུང་ཆེད་དམིགས་བྱ་དགའ་དང་གསེར་རྩོད་བྱ་དགའ་སོགས་མཚོ་སྐོར་འགྲན་སྡུར་གྱི་བྱ་ཆེན་པོ་མང་པོ་གནང་། མཚོ་སྔོན་གྱི་མཚོ་སྐོར་གློག་སྒུལ་རླངས་འཁོར་འགྲན་སྡུར་ད་ལྟའི་བར་ལོ་བཞི་ལ་བསྡུས་པ་དང་ལོ་རེར་ཁྱད་ཆོས་ལྡན་པའི་རླངས་འཁོར་གསར་བ་དང་། འགྲན་ཞུགས་པ་གསར་བ་བཅས་འགྲན་སྡུར་གྱི་གོ་རིམ་ཧྲིལ་བོར་ཞུགས་བཞིན་ཡོད་པས། འགྲན་སྡུར་གྱི་རྣམ་པ་ལོ་རེ་བཞིན་རྒྱ་ཇེ་ཆེར་འགྲོ་བཞིན་ཡོད་པ་དང་། མཚོ་སྐོར་གློག་སྒུལ་རླངས་འཁོར་འགྲན་སྡུར་དེ་ཀྲུང་གོའི་ ནུས་ཁུངས་གསར་བའི་རླངས་འཁོར་གཅིག་བསྡུས་སྒོས་བསྐོར་བསྐྱོད་བྱེད་སའི་སྟེགས་བུ་གལ་ཆེན་ཞིག་དུ་གྱུར་ཡོད།

8.jpg

6.jpg