ཁྲི་ཀ་རྫོང་གིས་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་ཆས་འཐུས་ཚང་དུ་གཏོང་བ་དང་། གྲོང་ཁྱེར་འཛུགས་སྐྲུན་ཐད་ཀྱི་དངུལ་གཏོང་ཚད་ཇེ་མང་དུ་གཏོང་བ། རྫོང་མཁར་གྱི་གཞུང་ལམ་ཁོད་ཆུང་བའི་རྣམ་པ་བསྒྱུར་བ་དང་སྤྱི་ཐུན་འགྲིམ་འགྲུལ་ཐད་ནས་སྟབས་མི་བདེ་བའི་གནད་དོན་ཐག་གཅོད་ཆེད། སྟོབས་ཤུགས་ཆེན་པོས་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་ཆས་ཐད་ཀྱི་ཞན་ཆ་གསབ་པ་དང་། ཧུར་ཐག་གིས་གྲོང་གསེབ་ཀྱི་འགྲིམ་འགྲུལ་ཁོར་ཡུག་ཇེ་ལེགས་སུ་གཏོང་བ། བྱེད་ཐབས་སྣ་མང་སྤྱད་དེ་མ་དངུལ་གྲབས་གསོག་བྱས་ནས། མགྲོན་བསུ་ལྷོ་ལམ་འཛུགས་སྐྲུན་བྱས་པ་མ་ཟད་བཀོལ་སྤྱོད་བྱེད་བཞིན་པའི་སྒང་རེད།
ཁྲི་ཀ་རྫོང་གིས་གསར་དུ་ལས་པའི་མགྲོན་བསུ་ལྷོ་ལམ་དེ་ལྷོ་མཚམས་སུ་ཟི་ལིང་ནས་གཅིག་སྒྲིལ་བར་གྱི་གཞུང་ལམ་དང་སྦྲེལ་ཡོད་ལ། སྤྱིའི་རིང་ཚད་ལ་རྨིད་དགུ་བརྒྱ་དང་གསུམ་ཡོད་པ་དང་། གཞུང་ལམ་སྤྱིའི་ཞེང་ཚད་ལ་རྨིད་ང་གཉིས་ཡོད། གཞུང་ལམ་འཛུགས་སྐྲུན་ཐད་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་ལྔ་དང་བྱེ་བ་དགུ་བཏང་། མགྲོན་བསུ་ལྷོ་ལམ་དེ་ཁྲི་ཀ་རྫོང་གི་རྩོལ་ནུས་ཆ་ཚང་ཞིང་སྒྲིག་ཆས་ཆ་ཚང་བ། ཁོར་ཡུག་མཛེས་ཤིང་ཚོང་ལས་དང་མི་སྡོད་གཉིས་ཀར་ཕན་པའི་གཞུང་ལམ་དུ་གྱུར་ལ། གཞུང་ལམ་དེ་ལེགས་འགྲུབ་བྱུང་རྗེས། རྫོང་མཁར་གྱི་གཞུང་ལམ་གཙོ་བོའི་འགྲིམ་འགྲུལ་གནོན་ཤུགས་ཇེ་ཆུང་དུ་བཏང་བ་དང་། རླངས་འཁོར་འཚང་ཁ་རྒྱག་པའི་སྣང་ཚུལ་ཐག་བཅད་དེ། གྲོང་ཁྱེར་གྱི་སྣང་བརྙན་མཐོར་འདེགས་བྱེད་པའི་ཐད་གསོན་ཤུགས་གསར་བ་བསྩལ།