རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་ལུགས་ཚོད་ལྟ་བྱས་ནས་ལོ་གཅིག་གི་རིང་ལ་ལས་རིགས་སོ་སོའི་ཁྱད་ཆོས་འབུར་ཐོན་ཡོང་བར་བྱས་ནས། དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས། གྲུབ་འབྲས་དེ་ནི་ཕུལ་བྱུང་ཏང་ཡོན་དང་སྔོན་ཐོན་ཏང་ཀྲི་པུའུ་ཡི་སྔོན་སྐྱོད་སྣེ་ཁྲིད་དང་ཁ་བྲལ་ཐབས་མེད། ཟླ་དྲུག་པའི་ཚེས་སུམ་ཅུ་ཉིན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡིས་ཏང་བཙུགས་ནས་ལོ་ངོ་གོ་དྲུག་འགོར་བའི་བདུན་གཅིག་གཟེངས་བསྟོད་ཚོགས་ཆེན་སྟེང་དུ། ཁོངས་གཏོགས་ཧྲིལ་བོའི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་དང་། ཕུལ་བྱུང་གུང་ཁྲན་ཏང་ཡོན། ཕུལ་བྱུང་ཏང་གི་བྱ་བ་སྒྲུབ་མཁན། ཕུལ་བྱུང་སྐྱེ་ཁམས་དོ་དམ་བདག་གཉེར་བ་བཅས་ལ་གཟེངས་བསྟོད་གནང་།
རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཚོད་ལྟ་ལྟེ་གནས་ཀྱི་འཛུགས་སྐྲུན་ཁྲོད། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པ་རྣམས་ཀྱིས་འཐབ་རྩོད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་འཕེལ་རྒྱས་ཆུ་ཚད་མཐོར་འདེགས་སུ་བཏང་། ཁོ་ཚོས་ཡིད་ཆེས་བརྟན་པོ་སེམས་ལ་ཉར་ཏེ། གུང་ཁྲན་ཏང་ཡོན་ཞིག་གི་ཐོབ་ཐང་ངོས་ནས་རང་ཉིད་ལ་རེ་བ་ནན་མོ་བཏོན་ནས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དེ་ལོ་ལྔའི་ནང་འཛུགས་སྐྲུན་གྱི་དམིགས་ཚད་མངོན་འགྱུར་བྱེད་པ་ལ་རྨང་གཞི་བཏིངས།
མཚོ་སྔོན་ཞིང་ཆེན་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་མ་འོངས་པའི་ལོ་ལྔའི་འཆར་གཞི་གཏན་ཁེལ་བྱས་ནས། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་འཐབ་ཕྱོགས་ལས་འགན་གཏན་འཁེལ་གསལ་བོ་བྱས་པས། ཏང་ཡོན་ལས་བྱེད་རྣམས་ཀྱིས་ཧུར་ཐག་གིས་ཏན་ཏན་ཏིག་ཏིག་བཞིའི་དར་ཆ་མཐོ་རུ་བསྒྲེངས་ཀྱིན། སྒྱུར་བ་བཞིའི་བསམ་ཕྱོགས་ཀྱི་རེ་བ་སྣེ་འཛུགས་སར་བརྩིས་ཏེ། ལོ་རྒྱུས་ཀྱིས་བཞག་པའི་འགན་འཁྲི་སེམས་ལ་གསལ་བོར་ངེས་པར་བྱས་ནས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་འཛུགས་སྐྲུན་ལ་སྐུལ་འདེད་བྱས་ཏེ། གཡུར་དུ་ཟ་བའི་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་རྒྱལ་ཁའི་ངང་ཚོགས་པར་བསུ་མ་བྱེད་བཞིན་ཡོད།