ཉེ་ལམ། མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་མཁར་གྲོང་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་ཉེན་ཚབ་མངགས་བཅོལ་ཚོང་ལས་ཉེན་ཚབ་ཀུང་ཟིའི་བར་དུ་བདག་གཉེར་ཞབས་ཞུ་ཁྲོད་ཞུགས་པར་མངག་བཅོལ་བྱེད་པའི་གན་རྒྱ་བཞག་པ་དང་། དེས་མཚོ་སྔོན་ཞིང་ཆེན་གྱི་མཁར་གྲོང་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་ཉེན་ཚབ་དེ་ཚོང་ལས་ཉེན་ཚབ་ལས་ཁུངས་ལ་མངག་བཅོལ་བྱས་ནས་བདག་གཉེར་ཞབས་ཞུའི་ཁྲོད་ཞུགས་པའི་བྱ་བའི་གོམ་ཁ་བསྒྱུར་བ་མཚོན་ཐུབ།
ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྨན་བཅོས་བཅོས་བསྒྱུར་མགོ་ཁྲིད་ཚན་ཆུང་གིས་སྨན་བཅོས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བའི་ཐད་ཀྱི་སྤྱིའི་བཀོད་སྒྲིག་ལྟར། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་མྱུར་དུ་འགུལ་སྐྱོད་བྱས་ནས། གྲོང་ཁྱེར་དང་ཁུལ་སོ་སོའི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལས་ཁུངས་ཀྱིས་བརྒྱུད་སྤྲོད་བྱ་བ་བརྟན་བརླིང་ངང་སྤེལ་བར་མཛུབ་སྟོན་བྱས་པ་མ་ཟད། ཚོང་ལས་ཉེན་ཚབ་ཀུང་ཟིའི་བདག་གཉེར་ཞབས་ཞུའི་བྱ་བའི་ཐད་ནས་རེ་བ་ཞིབ་མོ་བཏོན། མང་ཚོགས་ལ་འགན་ཁུར་བ་དང་སྤྱི་ཚོགས་ལ་འགན་ཁུར་བ་གཞི་རྩར་བྱས་ནས། སྔ་མོ་ནས་ཡང་བསྐྱར་བརྗེ་རེས་བྱེད་པ་དང་མཛུབ་སྟོན་ནན་མོ་བྱེད་པ། གྲ་སྒྲིག་གང་ལེགས་བྱེད་པ། བདག་གཉེར་གྱི་སྟོབས་ཤུགས་ཆེ་བ་དང་བདག་གཉེར་ལས་སྒོ་ལ་བྱང་ཆུད་པ། བདག་གཉེར་བྱེད་ས་ལུགས་མཐུན་ཡིན་པ། ཆ་འཕྲིན་བདེ་འཇགས་ཀྱི་ཚད་གཞིར་སླེབས་པ་སོགས་ཀྱི་རེ་བ་དང་མཐུན་པ། མཁར་གྲོང་སྡོད་དམངས་ཀྱི་གཞི་རྩའི་ཉེན་ཚབ་ཀྱི་བདག་གཉེར་ཞབས་ཞུ་ལས་སྒོ་ཕྱིར་སྤྲོད་ཐུབ་པ་དང་དང་ལེན་བྱེད་ཐུབ་པ། ཉེན་ཚབ་ཁྲོད་ཞུགས་པའི་མང་ཚོགས་ཀྱི་ཐོབ་ཐང་ལ་ཤུགས་རྐྱེན་མི་ཐེབས་པའི་རྨང་གཞིའི་འོག མཚོ་བྱང་ཁུལ་དང་མཚོ་ནུབ་ཁུལ་གཉིས་ཀྱིས་མཁར་གྲོང་སྡོད་དམངས་ཀྱི་གཞི་རྩའི་ཉེན་ཚབ་དེ་ཀྲུང་གོ་མི་དམངས་རྒྱུ་ནོར་ཉེན་ཚབ་ཚད་ཡོད་ཀུང་ཟི་མཚོ་སྔོན་ཞིང་ཆེན་ཡན་ལག་ཀུང་ཟི་ལ་མངག་བཅོལ་བྱས་ནས་བདག་གཉེར་ཞབས་ཞུའི་ཁྲོད་ཞུགས་པའི་གན་རྒྱ་བཞག
མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་བརྒྱུད་སྤྲོད་བྱས་པའི་ས་ཁུལ་གྱི་ཚོང་ལས་ཉེན་ཚབ་ཀུང་ཟི་ཡི་ལྟ་སྐུལ་ཞིབ་བཤེར་དང་མཛུབ་སྟོན་ཐད་ཤུགས་བསྣན་ནས། བརྟན་བརླིང་ངང་བརྒྱུད་སྤྲོད་བྱེད་པ་དང་བདག་གཉེར་ཞབས་ཞུ་བྱ་བ་བདེ་བླག་ངང་སྤེལ་བ། མང་ཚོགས་ཀྱི་ཐོབ་ཐང་ལ་ཤུགས་རྐྱེན་མི་ཐེབས་པར་ཁག་ཐེག་བྱེད་རྒྱུ་ཡིན་པ་དང་། བརྒྱུད་སྤྲོད་མ་བྱས་པའི་ས་ཁུལ་ལ་མཛུབ་སྟོན་བྱེད་པའི་ཐད་ཤུགས་སྣོན་པ་དང་། གྲ་སྒྲིག་བཟང་བོ་བྱེད་པ། ཆ་རྐྱེན་ཚང་རྗེས་དུས་ལྟར་བརྒྱུད་སྤྲོད་བྱས་ཏེ། མཁར་གྲོང་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་ཉེན་ཚབ་དེ་ཚོང་ལས་ཉེན་ཚབ་ལས་ཁུངས་ལ་མངག་བཅོལ་བྱས་ནས་བདག་གཉེར་ཞབས་ཞུའི་ཁྲོད་ཞུགས་པའི་བྱ་བ་ཁྱོན་ཡོངས་ནས་ལེགས་འགྲུབ་ཡོང་བར་ཁག་ཐེག་བྱེད་རྒྱུ་རེད།