ཟླ6པའི་ཚེས30ཉིན། ན་གོར་མོ་གྲོང་ཁྱེར་གྱིས་རོང་འབྲོག་མང་ཚོགས་ལ་རིན་མེད་བདེ་ཐང་བརྟག་བཤེར་བྱེད་པའི་བྱ་བ་སྤེལ་མགོ་བརྩམས་ཤིང་། མང་ཚོགས་ཁྲི་གསུམ་དང་སྟོང་བདུན་ལ་ཕན་ཁེ་ཐོབ།
ཐེངས་འདིའི་རོང་འབྲོག་མང་ཚོགས་ལ་རིན་མེད་ལུས་ཕུང་བརྟག་བཤེར་བྱེད་པའི་ཁྲོད་ཁྲག་གི་རྒྱུན་སྲོལ་དང་སྙིང་པར། བྲང་ཁོག་ལ་གློག་པར་རྒྱག་པ། གྲོད་ཁོག་ཚོན་ལྡན་ཚད་བརྒལ་སྒྲ་རླབས། དྲི་ཆུ་རགས་བརྟག ཁྲག་མངར། མཆིན་ནད་བརྟག་དཔྱད་བཅས་སྣ་བདུན་འདུས་པ་དང་། ཞང་གཉིས་དང་གྲོང་རྡལ་གཉིས་ཀྱི་སྡེ་བ་ཞེ་གཉིས་ཀྱི་རོང་འབྲོག་མང་ཚོགས་ཁྲི་གསུམ་དང་སྟོང་བདུན་ལ་བརྟག་བཤེར་བྱས་པས། བདེ་ཐང་ལུས་ཕུང་བརྟག་བཤེར་བྱས་པ་བརྒྱུད་ནས་ནད་ཡོད་ན་སྔ་མོ་ནས་ཤེས་པ་དང་། སྔ་མོ་ནས་ངོས་འཛིན་བྱེད་པ། སྔ་མོ་ནས་ནད་བཅོས་བྱེད་པ་དང་། ནད་འབྱུང་བར་སྔོན་འགོག་དང་ནད་ཆུང་བ་སྔོན་ལ་ནད་བཅོས་བྱེད་ཐུབ་པར་བྱས།
2008ལོའི་ལོ་མཇུག་ཏུ་རོང་འབྲོག་མང་ཚོགས་ལ་རིན་མེད་བདེ་ཐང་ལུས་ཕུང་བརྟག་བཤེར་བྱ་བ་སྤེལ་བའི་ཚུན་ལ། ན་གོར་མོ་གྲོང་ཁྱེར་གྱིས་མི་གྲངས་འབུམ་གཅིག་དང་ཁྲི་གཉིས་གྱི་རོང་འབྲོག་མང་ཚོགས་ལ་ཕན་ཁེ་བསྐྲུན།