གུང་ཧོ་རྫོང་གིས་མཚོ་སྐོར་ལྗོངས་རྒྱུ་ས་ཁུལ་གྱི་བཟའ་བཏུང་ཚོང་རར་ཁྲིམས་འཛིན་བརྟག་བཤེར་བྱས།
2017.07.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 4

མཚོ་སྔོན་པོའི་ལྗོངས་རྒྱུ་ཁུལ་དང་དེའི་མཐའ་སྐོར་ས་ཁུལ་གྱི་གནས་སྐོར་ཁོར་ཡུག་སྔར་ལས་ཇེ་ལེགས་སུ་གཏོང་བ་དང་། ལྗོངས་རྒྱུ་ཁུལ་དང་མཐའ་བསྐོར་ཚོང་རའི་སྒྲིག་ལམ་ཚད་ལྡན་དུ་གཏོང་ཆེད། ཉེ་ལམ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་སྤྱི་བདེ་ཅུའུ་གནས་སྐོར་ཉེན་རྟོག་རུ་ཁག་དང་ཅང་ཤེས་ཁུག་མངག་གཏོང་ཁང་གཉིས་ཀྱིས་རྫོང་བཟོ་ཚོང་ཅུའུ་དང་། རྫོང་ཉི་སྲིད་དོ་དམ་ས་ཚིགས། མཚོ་སྔོན་པོའི་ཁྲིམས་འཛིན་ཅུའུ་སོགས་སྡེ་ཁག་མང་པོ་དང་མཉམ་འབྲེལ་བྱས་ནས་མཚོ་སྔོན་པོ་ལྗོངས་རྒྱུ་ཁུལ་དང་དེའི་མཐའ་སྐོར་ས་ཁུལ་གྱི་ཚོང་ཁང་དང་མགྲོན་ཁང་། བཟའ་བཏུང་སོགས་ལས་རིགས་ལ་ཆེད་དོན་བརྟག་བཤེར་བྱས།

བརྟག་བཤེར་བྱེད་སྐབས། ཁྲིམས་འཛིན་མི་སྣས་གཅིག་བསྡུས་སྒོས་ཚོང་ཁང་དང་མགྲོན་ཁང་། ཟ་ཁང་ལྔ་བཅུ་ལྷག་ལ་བརྟག་བཤེར་བྱས་པ་དང་། དེའི་ཁྲོད་ཁྲིམས་དང་འགལ་བའི་སྒོ་ནས་མཚོ་སྔོན་པོའི་གསེར་ཉ་ཉོ་བསྡུ་དང་ལས་སྣོན། གསོག་ཉར། ཕྱིར་འཚོང་བྱེད་པའི་ཟ་ཁང་དྲུག་རྙེད་པ་མ་ཟད། གསེར་ཉ་སྤྱི་རྒྱ་ཞེ་དགུ་དང་ཉ་འཛིན་བྱེད་ཀྱི་ཡོ་ཆས་སྐོར་ཞིག་རྩིས་ལེན་བྱས། དེའི་རྗེས། ཁྲིམས་འཛིན་མི་སྣས་ཟ་ཁང་དེ་དག་གི་སྦྱིན་བདག་ལ་སྐྱོན་བརྗོད་དང་སློབ་གསོ་བཏང་ལ། རྩིས་ལེན་བྱས་པའི་ཉ་འཛིན་བྱེད་དག་ཡུལ་དངོས་ནས་མེར་བསྲེགས་པ་དང་། འབྲེལ་ཡོད་འགན་འཁྲི་མི་སྣར་སྲིད་འཛིན་ཆད་སྤྱོད་བྱས།