མི་རིགས་ཀྱི་ཁྱད་ཆོས་མངོན་པར་འཕགས་པའི་ཨཱརྱ་རྒྱལ་སྤྱིའི་གསོལ་མགྲོན་ཁང་གི་སྒོ་འབྱེད་མཛད་སྒོ་བསྡུས།
2017.07.07 ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཀློག་གྲངས། 6

རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་དབང་རྒྱལ་ཚེ་རིང་དང་སྐལ་བཟང་རྣམ་རྒྱལ་གཉིས་ཀྱིས་བཀོད་པའི་གསར་འགྱུར།

ཟླ་བདུན་པའི་ཚེས་བདུན་ཉིན་ལ། མི་རིགས་ཀྱི་ཁྱད་ཆོས་མངོན་པར་འཕགས་པའི་ཨཱརྱ་རྒྱལ་སྤྱིའི་གསོལ་མགྲོན་ཁང་གི་སྒོ་འབྱེད་མཛད་སྒོ་དེ་ཟི་ལིང་ཨཱརྱ་རྒྱལ་སྤྱིའི་མགྲོན་ཁང་དུ་བསྡུས།

ཨཱརྱ་རྒྱལ་སྤྱིའི་གསོལ་མགྲོན་ཁང་ནི་ཟི་ལིང་གྲོང་ཁྱེར་གྱི་ཆེས་ཐོག་མའི་བོད་ཀྱི་བཟོ་བཀོད་རིག་གནས་བརྗོད་དོན་ཡིན་པའི་མགྲོན་ཁང་གཅིག་པུ་དེ་ཡིན་ལ། མཚོ་སྔོན་རྡོ་རྗེ་གསར་སྐྲུན་རིག་གནས་བཟོ་ལས་ཐོན་རྫས་ཚད་ཡོད་ཀུང་ཟིའི་ཁོངས་སུ་གཏོགས། དེ་ནི་མཚོ་བོད་ས་ཁུལ་གྱི་དཔལ་འབྱོར་དང་ཡུལ་སྲོལ་གོམས་གཤིས། དམངས་སྲོལ། ཡུལ་སྐོར་སོགས་ཁྱབ་སྤེལ་བྱེད་པའི་སྒེའུ་ཁུང་ལྟ་བུ་ཞིག་ཡིན་པའི་ངོས་ནས། མགྲོན་ཁང་དུ་བོད་ཀྱི་བཟོ་བཀོད་རིག་གནས་ཀྱི་གཞི་རྒྱུ་ཡོངས་སུ་འདྲེས་པར་བྱས་ཏེ། བོད་ཀྱི་ཐུན་མོང་མ་ཡིན་པའི་ལག་བཟོའི་མཛེས་སྤྲས་དང་ཁྱད་ཆོས་ཀྱིས་མངོན་པར་བརྒྱན་ཡོད། གཞན་རྒྱལ་སྤྱིའི་ཚད་ལྡན་གྱི་ཞབས་ཞུ་དང་སྒྲིག་ཆས་ཀྱང་ནང་འདྲེན་བྱས་ཡོད་པས། གནའ་དེང་ཟུང་འབྲེལ་གྱི་ཆ་ཡོངས་སུ་ཚང་ཞིང་མི་རིགས་ཀྱི་ཁྱད་ཆོས་ལྡན་པ་ཞིག་རེད།

ཨཱརྱ་རྒྱལ་སྤྱིའི་མགྲོན་ཁང་དང་རྡོ་རྗེ་ཁྱིམ་ཆས།  རྡོ་རྗེ་བོད་ལུགས་འདུ་གནས་སོགས་གང་ཡིན་རུང་། མང་ཚོགས་ལ་དཔལ་འབྱོར་དངོས་ཕན་ཅན་གྱི་འཛད་སྤྱོད་དགོས་མཁོ་སྐོང་བཞིན་ཡོད་ལ། བོད་ཀྱི་ན་གཞོན་ཁེ་ལས་པ་མང་པོར་ཡར་སྐུལ་གྱི་མིག་དཔེ་དང་ཁེ་ལས་གསར་སྐྲུན་གྱི་ལམ་སྣེ་འཁྲིད་ཀྱིན་ཡོད་པ་མ་ཟད། མི་རིགས་རིག་གནས་ཀྱི་ལག་ཤེས་དང་ཞབས་ཕྱི་སོགས་གང་ཐད་ནས་ས་གནས་མང་ཚོགས་དང་ན་གཞོན་མང་པོར་ལས་ཞུགས་ཀྱི་དགོས་མཁོ་བསྐངས་ནས། དཔལ་འབྱོར་འཕེལ་རྒྱས་ཀྱི་ཡོང་སྒོ་འཚོལ་བའི་ཐབས་ལམ་གསར་བ་ཞིག་བཏོད་ཡོད།

འཕྲེད་བྱང་འཐེན་ནས་སྐུ་མགྲོན་བསུ་མ་བྱེད་བཞིན་པ།

ཚོགས་རའི་ཡུལ་དངོས།

ཨཱརྱ་གསོལ་མགྲོན་ཁང་གི་སྤྱི་གཉེར་བ་ཚེ་དབང་རྡོ་རྗེ༼ གཡས ༽དང་བློ་བརྩོན་འགྲུས༼ གཡོན ༽གཉིས་ཀྱིས་གསོལ་མགྲོན་ཁང་གི་རས་ཡོལ་འབྱེད་ཀྱིན་པ།

གདན་ཞུས་སྐུ་མགྲོན་དག་གིས་སྤྱི་གཉེར་བ་གཉིས་ལ་རྟེན་འབྲེལ་གྱིས་ཁ་བཏགས་འཐེན་བཞིན་པ།

ཚེ་དབང་རྡོ་རྗེས་གསོལ་མགྲོན་ཁང་གི་སྤྱིའི་གནས་ཚུལ་ངོ་སྤྲོད་བྱེད་བཞིན་པ།

གསོལ་མགྲོན་ཁང་གི་ཕྱིའི་བཟོ་བཀོད།

ཇུས་འགོད་སྣ་ཚོགས་ཀྱིས་བརྒྱན་པའི་གསོལ་མགྲོན་ཁང་གི་ནང་གི་བཀོད་པ།

ཇུས་འགོད་སྣ་ཚོགས་ཀྱིས་བརྒྱན་པའི་གསོལ་མགྲོན་ཁང་གི་ནང་གི་བཀོད་པ།

IMG_6892.jpg

སྐུ་མགྲོན་ལྷན་རྒྱས་ཀྱིས་རྡོ་རྗེ་བོད་ལུགས་འདུ་གནས་ཏེ་ལྷ་སའི་ཐབ་ཚང་ནས་གུང་ཟས་ལ་རོལ་བཞིན་པ།