མཚོ་སྔོན་པོའི་གསེར་ཉའི་རིགས་སླར་གསོ་བྱུང་།
2017.07.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 4

ཟླ་བདུན་པའི་ཚེས་དྲུག་ཉིན། གསར་འགོད་པས་མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་དོ་དམ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་བཀག་ཉ་སྐྱོང་དང་ཉ་བདའ་སྔོན་འགོག་འཇུ་བཟུང་བྱས་པ། མིས་ཐབས་ཀྱིས་ཆུ་ལག་ཆེ་རུ་རྒྱས་པར་བྱས་པ་སོགས་ཀྱི་བྱེད་ཐབས་སྤྱད་མཐར། ཉེ་བའི་ལོ་འདི་འགར་མཚོ་སྔོན་པོའི་གསེར་ཉའི་ཐོན་ཁུངས་དང་གྲངས་འབོར་བརྟན་འཇགས་ངང་ཏུན་ཁྲི་བདུན་དང་བརྒྱད་བརྒྱར་སླེབས།

ཉེ་ལམ་གསར་འགོད་པས་མཚོ་སྔོན་པོའི་ཆུ་ལག་གཙོ་བོ་སྟེ། འོམ་ཆུའི་ནང་ནས་གསེར་ཉ་མང་པོ་གཅིག་རྗེས་གཅིག་གིས་དེད་དེ་ཆུ་མོའི་བཞུར་རྒྱུན་དང་ལྡོག་ནས་འཁྱུག་འཁྱུག་མངོན་བཞིན། གཙང་བོའི་སྟོད་རྒྱུད་ཀྱི་ཚྭ་མེད་ཆུའི་ནང་ནས་ཉ་ཕྲུག་གསོ་བར་ཆས་པའི་རྣམ་པ་ལེགས་པོ་མཐོང་། ལོ་ངོ་མང་པོ་ཞིག་འདས་རྗེས་དེ་རིང་གཞི་ནས་གཙང་བོའི་ཕྱེད་ཀ་གཙང་ལྟེམས་མེར་འཁྱིལ་བའི་ཆུ་མོ་དང་གཙང་བོའི་ཕྱེད་ཀ་ཉ་མོའི་འཁྱུག་འགྲོས་ཀྱིས་བཟུང་བའི་རྣམ་པ་བཟང་བོ་ཕྱིར་མངོན་པས། དེས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མང་པོའི་ཡིད་ཀྱི་དང་བ་འཕྲོག