མགོ་ལོག་ཁུལ་གྱིས་ཁ་གཏད་རོགས་སྐྱོར་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་བྱ་བ་གསར་གཏོད་བྱས།
2017.07.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 3

ཉེ་བའི་ལོ་འགའི་རིང་ལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་གཞི་ཁྱོན་ཆེན་པོས་ལས་བྱེད་པ་སྐྱེད་སྲིང་བྱེད་པ་དང་། ལས་བྱེད་པའི་ཆུ་ཚད་ཆེས་ཆེར་མཐོར་འདེགས་སུ་གཏོང་བའི་སྤྱིའི་རེ་བ་ལྟར། ཧྲང་ཧེ་གྲོང་ཁྱེར་གྱིས་ཁ་གཏད་རོགས་སྐྱོར་བྱེད་པའི་ས་ཁུལ་དེ་ལས་བྱེད་པ་གསོ་སྦྱོང་བྱེད་པའི་ཐབས་ལམ་གཙོ་བོར་བརྩིས་ནས། གཅིག་གྱུར་སྒོས་འཆར་འགོད་བྱེད་པ་དང་། གསོ་སྦྱོང་བསམ་ཕྱོགས་རྒྱུན་ཆད་མེད་པར་གསར་གཏོད་བྱེད་པ། གསོ་སྦྱོང་གཞི་ཁྱོན་རྒྱ་བསྐྱེད་དེ། མགོ་ལོག་ལས་བྱེད་པ་སློབ་གསོ་གསོ་སྦྱོང་བྱ་བའི་རྣམ་པ་གསར་བ་གསར་གཏོད་བྱས།

ལོ་དེ་དག་གི་རིང་ལ་མགོ་ལོག་ཁུལ་གྱིས་སྔ་གཞུག་ཏུ་གསོ་སྦྱོང་འགྲོ་གྲོན་སྒོར་བྱེ་བ་གཉིས་དང་ས་ཡ་བདུན་འབུམ་དྲུག་ལྷག་བཏང་སྟེ། གསོ་སྦྱོང་འཛིན་གྲྭ་སྣ་ཚོགས་ཐེངས་བརྒྱ་དང་ཉེར་བརྒྱད་བསྒྲུབས་པ་དང་། རིམ་པ་སོ་སོའི་ལས་བྱེད་པ་དང་ལག་རྩལ་ཤེས་ལྡན་མི་སྣ་སྟོང་བཞི་དང་དྲུག་བརྒྱ་སོ་བདུན་གསོ་སྦྱོང་བྱས། དེའི་ནང་སྐྱེད་སྲིང་གདམ་གསེས་བྱས་པའི་རིམ་པ་སོ་སོའི་ལས་བྱེད་པའི་ནང་གསོ་སྦྱོང་བྱས་པའི་ལས་བྱེད་པས་སྤྱིའི་མི་གྲངས་ཀྱི་བརྒྱ་ཆའི་བརྒྱད་དང་གྲངས་ཆུང་དགུ་ཟིན།