ཚྭ་འདམ་གཞོང་གི་བཟོ་ལས་ར་བ་གསུམ་ལ་རྒྱལ་ཁབ་འཁོར་རྒྱུག་ཅན་བཅོས་སྒྱུར་གྱི་ཞིབ་བཤེར་ཚད་ལེན་ཐོབ།
2017.07.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 8

ཉེ་ལམ། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་བྱ་བའི་ཨུ་ཡོན་ལྷན་ཁང་དང་ནོར་སྲིད་པུའུ་གཉིས་ཀྱིས་རྩ་འཛུགས་བྱས་ཏེ། རྒྱལ་ཁབ་བཟོ་ལས་ར་བའི་འཁོར་སྐྱོད་ཅན་བཅོས་སྒྱུར་དཔེ་སྟོན་ཚོད་ལྟའི་ས་ཁུལ་ལ་མཐའ་མཇུག་གི་ཞིབ་བཤེར་ཚད་ལེན་དང་མ་དངུལ་གཏོང་ཡོང་ལ་རྩིས་ལེན་བྱེད་པའི་བྱ་བ་སྤེལ་ཞིང་། མཚོ་སྔོན་གྱི་ཚྭ་འདམ་གཞོང་འཁོར་སྐྱོད་དཔལ་འབྱོར་ཚོད་ལྟའི་ས་ཁུལ་གྱི་ན་གོར་མོ་བཟོ་ལས་ར་བ་དང་གཏེར་ལེན་ཁ་བཟོ་ལས་ར་བ། ཚྭ་འདམ་ཆེ་བའི་བཟོ་ལས་ར་བ་སོགས་ཞིབ་བཤེར་ཚད་ལེན་གྱི་ཁྱབ་ཁོངས་ཁྲོད་ཚུད་དེ། རྒྱལ་ཁབ་ཀྱི་ཆེས་མཇུག་མཐའི་ཞིབ་བཤེར་ཚད་ལེན་ཐོབ།

མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཐེངས་འདིའི་ཞིབ་བཤེར་ཚད་ལེན་བྱ་བར་མཐོང་ཆེན་བྱས་ཏེ། ཐེངས་དུ་མར་རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་བྱ་བའི་ཨུ་ཡོན་ལྷན་ཁང་ལ་སྙན་ཞུ་ཕུལ་ནས་འབྲེལ་མཐུད་བྱས་ཤིང་། བཟོ་ལས་ར་བའི་རང་སྟེང་ལ་དཔྱད་འཇོག་སྤེལ་བར་ཧུར་བརྩོན་ཆེན་པོས་རྩ་འཛུགས་མཐུན་སྦྱོར་བྱས་པར་མ་ཟད། རང་རྟོགས་རང་འགུལ་ངང་དམིགས་ཚད་རྩིས་ལེན་དང་ལས་གཞི་དག་སྒྲིག།གནད་དོན་དབྱེ་ཞིབ། དཔྱད་འཇོག་ལ་སྤྱི་སྡོམ་བྱེད་པ་སོགས་ཀྱི་ལས་སྒོའི་ཁྲོད་ཞུགས། དེ་མིན་ད་དུང་ཆེད་མཁས་པས་ཡུལ་དངོས་ནས་ཞིབ་བཤེར་ཚད་ལེན་བྱེད་པ་དང་རྒྱུ་ཆར་ཞིབ་བཤེར་ཚད་ལེན་བྱེད་པའི་བྱ་བར་ཧུར་བརྩོན་ཆེན་པོས་གཞོགས་སྐྱོར་གཞོགས་འདེགས་བྱས། ཕྱོགས་སོ་སོས་མཉམ་དུ་འབད་འཐབ་བྱས་པ་བརྒྱུད་དེ། གོང་གསལ་བཟོ་ལས་ར་བ་གསུམ་ལ་རྒྱལ་ཁབ་ཀྱི་ཞིབ་བཤེར་ཚད་ལེན་མཐར་ཐུག་པ་ཐོབ་པར་མ་ཟད། རོགས་དངུལ་ལྷག་མར་རྩིས་ལེན་བྱས།