མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་གིས་ཆུ་བེད་ལས་གཞིའི་དངུལ་གཏོང་བྱ་བ་བདེ་བླག་ངང་སྤེལ།
2017.07.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 6

ད་ལོར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་གིས་ཆུ་བེད་ལས་གཞི་བཅུ་བསྐྱར་འཛུགས་དང་གསར་འཛུགས་བྱེད་རྒྱུའི་འཆར་གཞི་བཟོས་ཡོད་པ་དང་། དེའི་ཁྲོད། བསྐྱར་འཛུགས་ལས་གཞི་གཉིས་དང་གསར་འཛུགས་ལས་གཞི་བརྒྱད་ཡོད་ལ་མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་གསུམ་ས་ཡ་བརྒྱད་གཏོང་བའི་འཆར་གཞི་ཡོད།

བསྐྱར་འཛུགས་བྱེད་པའི་ལས་གཞི་གཉིས་ཀྱི་ཁྲོད། སྤྱིའི་མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་ལྔ་ཡིན་པའི་རྐ་རྒན་ཆུ་མཛོད་བཟོ་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གཉིས་བཏང་ཟིན་པ་དང་ད་ལོར་མ་དངུལ་སྒོར་བྱེ་བ་དྲུག་དང་འབུམ་དགུ་གཏོང་བའི་འཆར་གཞི་ཡོད། སྤྱིའི་མ་དངུལ་སྒོར་བྱེ་བ་གཉིས་དང་ས་ཡ་གཉིས་ཁྲི་བརྒྱད་ཡིན་པའི་ཐུན་ཏེ་རྫོང་གི་རང་འབབ་ཆུ་གཙང་བཟོ་བཟོ་གྲྭའི་འཛུགས་སྐྲུན་ལས་གཞི་ལ་མ་དངུལ་སྒོར་བྱེ་བ་གཅིག་བཏང་ཟིན་པ་དང་ད་ལོར་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་གཉིས་ཁྲི་བརྒྱད་གཏོང་བའི་འཆར་གཞི་ཡོད་ལ་ལོ་འདིའི་ནང་བསྐྱར་འཛུགས་ལས་གཞིའི་འཛུགས་སྐྲུན་ལས་འགན་ཡོངས་འགྲུབ་བྱེད་ཐུབ། གསར་འཛུགས་ལས་གཞི་ནི་སོ་སོར་ཐུན་ཏེ་རྫོང་མཁར་གྱི་ཆུ་ལོག་འགོག་པའི་བཟོ་སྐྲུན་དང་འབའ་ཆུའི་བཞུར་རྒྱུན་དག་ཐེར་བཅོས་སྐྱོང་བྱེད་པའི་ལས་གཞི། རྨ་བྱང་ཞང་གི་ཆུ་ལོག་འགོག་པའི་བཟོ་སྐྲུན། ཉིས་སྟོང་བཅུ་བདུན་ལོའི་མིའི་འཐུང་ཆུའི་བདེ་འཇགས་སྲ་བརྟན་མཐོར་འདེགས་བཟོ་སྐྲུན། ཐུན་ཏེ་རྫོང་གི་མཐའ་མཚམས་ས་ཁུལ་གྱི་མིའི་འཐུང་ཆུའི་བདེ་འཇགས་བཟོ་སྐྲུན་དང་ཞིང་སའི་ཆུ་བེད་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་སྲུང་སྐྱོབ་ལས་གཞི་བཅས་ཡིན།