མཚོ་ནུབ་ཁུལ་གྱི་དཔལ་འབྱོར་བརྟན་འཇགས་སྒོས་གོང་དུ་འཕར།
2017.07.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 8

ད་ལོར། མཚོ་ནུབ་ཁུལ་གྱིས་སྒྱུར་བ་བཞིའི་འདུ་ཤེས་གསར་བས་ཞིང་ཆེན་དང་ཁུལ་རིམ་པའི་འཐབ་ཇུས་བཀོད་སྒྲིག་སོ་སོ་དངོས་འབེབས་བྱེད་པར་སྐུལ་འདེད་བཏང་ནས། བརྟན་འཇགས་ཀྱི་ཁྲོད་ནས་ཡར་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་སྤྱིའི་དགོངས་གཞི་དམ་པོར་འཛིན་པ་དང་། འཕར་སྣོན་བརྟན་འཇགས་དེ་བྱ་བའི་དཀྱིལ་སྙིང་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཤིང་། ཤུགས་ཆེན་པོས་བཅོས་སྒྱུར་འཛིན་པ་དང་གསོན་ཤུགས་འཛིན་པ། ཚོང་འགུག་དམ་འཛིན་བྱས་ནས་བཟོ་ལས་བརྟན་པོ་དང་། དངུལ་གཏོང་དམ་འཛིན་བྱས་ནས་རྨང་གཞི་འདིང་བ། ནོར་སྲིད་དང་དངུལ་རྩ་དམ་འཛིན་བྱས་ནས་འདེགས་སྐྱོར་སྲ་བརྟན་དུ་གཏོང་བ། དམངས་ཚིས་དམ་འཛིན་དང་མི་འདང་ས་ཁ་གསབ་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་འཕེལ་རྒྱས་ཀྱི་སྤུས་ཚད་དང་གྲུབ་འབྲས་མཐོར་འདེགས་དང་དཀའ་གནད་སེལ་བ། ཉེན་ཁ་སྔོན་འགོག་བྱས་པས། མཚོ་ནུབ་ཁུལ་གྱི་དཔལ་འབྱོར་ལ་དགེ་མཚན་ལྡན་པའི་རྒྱུ་རྐྱེན་མང་ཞིང་གཞན་གྱིས་ཁས་ལེན་ཐོབ་ཚད་ཇེ་མང་དུ་སོང་།

ཟླ་དང་པོ་ནས་ཟླ་ལྔ་བའི་བར་གྱི་དཔལ་འབྱོར་འཁོར་རྒྱུག་གནས་ཚུལ་ལ་གཞིགས་ན། བརྟན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་ཚད་མངོན་གསལ་གྱིས་ཇེ་མཐོར་སོང་། མཚོ་ནུབ་ཁུལ་གྱིས་བརྟན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་ཚད་སྒོར་ཐེར་ཆེན་གཅིག་དང་ཐེར་འབུམ་བཞི་དུང་ཕྱུར་བདུན་དང་བྱེ་བ་ལྔ་ས་ཡ་དྲུག་ཡོངས་འགྲུབ་བྱས་པས་བརྒྱ་ཆའི་སུམ་ཅུ་དང་གྲངས་ཆུང་ལྔ་འཕར་ལ། འཕར་ཚད་དུས་མཉམ་དང་སྡུར་ན་བརྒྱ་ཆའི་བཅུ་དྲུག་དང་གྲངས་ཆུང་དགུ་མཐོར་འདེགས་བྱུང་། དེའི་ནང་ཐོན་ལས་དང་པོས་སྒོར་དུང་ཕྱུར་ལྔ་དང་བྱེ་བ་གཉིས་ཀྱི་དངུལ་གཏོང་ཡོངས་འགྲུབ་བྱས་ཤིང་། མཚོ་ནུབ་ཁུལ་གྱི་དངུལ་གཏོང་གི་བསྡུར་ཚད་ལས་བརྒྱ་ཆའི་གསུམ་དང་གྲངས་ཆུང་ལྔ་ཟིན་ལ། དུས་མཉམ་ལས་བརྒྱ་ཆའི་བརྒྱ་དང་སོ་བརྒྱད་ལྷག་འཕར། ཐོན་ལས་གཉིས་པས་སྒོར་ཐེར་ཆེན་གཅིག་དང་དུང་ཕྱུར་བཞི་བྱེ་བ་དགུའི་དངུལ་གཏོང་ཡོངས་འགྲུབ་བྱས་པས་མཚོ་ནུབ་ཁུལ་གྱི་དངུལ་གཏོང་གི་བསྡུར་ཚད་ལས་བརྒྱ་ཆའི་དོན་གཅིག་ལྷག་ཟིན་ལ། དུས་མཉམ་ལས་བརྒྱ་ཆའི་བདུན་དང་གྲངས་ཆུང་བཞི་འཕར། སྤྱིར་བཏང་གི་བཟོ་ལས་རང་བཞིན་སྒོར་ཐེར་འབུམ་བདུན་དང་བྱེ་བ་ལྔའི་དངུལ་གཏོང་ཡོངས་འགྲུབ་བྱས་ལ། དུས་མཉམ་ལས་བརྒྱ་ཆའི་དགུ་དང་གྲངས་ཆུང་བརྒྱད་འཕར། ཐོན་ལས་གསུམ་པས་སྒོར་ཐེར་འབུམ་གསུམ་དང་དུང་ཕྱུར་བདུན་བྱེ་བ་གསུམ་གཏོང་བ་ཡོངས་འགྲུབ་བྱས་ཤིང་། མཚོ་ནུབ་ཁུལ་གྱི་དངུལ་གཏོང་གི་བསྡུར་ཚད་ལས་བརྒྱ་ཆའི་ཉེར་ལྔ་དང་གྲངས་ཆུང་གསུམ་ཟིན་ལ། དུས་མཉམ་དང་བསྡུར་ན་བརྒྱ་ཆའི་བརྒྱ་དང་གྱ་གསུམ་དང་གྲངས་ཆུང་གཉིས་འཕར། དམངས་ཁྲོད་ཀྱི་དངུལ་གཏོང་སྒོར་ཐེར་འབུམ་བཞི་དང་དུང་ཕྱུར་ལྔ་བྱེ་བ་བཞི་གཏོང་བ་ཡོངས་འགྲུབ་བྱས་ཤིང་། དུས་མཉམ་ལས་བརྒྱ་ཆའི་བཅུ་གཉིས་དང་གྲངས་ཆུང་ལྔ་འཕར།