མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་བརྩོན་ལེན་བྱས་འོག ཉེ་ལམ། རྒྱལ་ཁབ་ཀྱིས་ཉིས་སྟོང་བཅུ་བདུན་ལོའི་ཀྲུང་དབྱང་སྔོན་རྩིས་ཁྲོད་མ་དངུལ་བྱེ་བ་བཞི་དང་ས་ཡ་བརྒྱད་བཏང་ནས་མཚོ་སྔོན་ཞིང་ཆེན་གྱི་སྣུམ་རྒྱུ་ཐོན་སྐྱེད་རྟེན་གཞིའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་རེད།
ཚད་མཐོན་པོ་དང་བརྟན་འཇགས་ཀྱི་སྒོ་ནས་སྣུམ་རྒྱུ་ཐོན་སྐྱེད་རྟེན་གཞི་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པ་དང་ཡུངས་དཀར་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་མཐོར་འདེགས་གཏོང་བ། མགྱོགས་མྱུར་གྱིས་ཁུལ་ཁོངས་ཅན་དང་གཞི་ཁྱོན་ཅན་གྱི་ཡུངས་དཀར་ཐོན་སྐྱེད་རྟེན་གཞི་སྐོར་ཞིག་གྲུབ་པར་བྱེད་ཆེད་མཚོ་སྔོན་ཞིང་ཆེན་གྱིས་མིན་ཡོན་དང་ཧོང་ཀྲུང་། ཏ་ཐུང་། ཀོས་ནན་བཅས་རྫོང་བཞི་རུ་སྤྱི་ཆིངས་སྟོང་གཉིས་དང་བདུན་བརྒྱ་ཡོད་པའི་ཡུངས་དཀར་ཐོན་སྐྱེད་རྟེན་གཞི་འཛུགས་སྐྲུན་བྱེད་པའི་འཆར་གཞི་བཟོས་ཡོད། ཐེངས་འདིའི་སྣུམ་རྒྱུ་ཐོན་སྐྱེད་རྟེན་གཞིའི་འཛུགས་སྐྲུན་ལས་གཞི་མགོ་བརྩམས་པ་དེས་མཚོ་སྔོན་ཞིང་ཆེན་ལ་ལོ་མང་པོའི་རིང་རྒྱལ་ཡོངས་ཀྱི་འབྲུ་རིགས་སྟོང་ཁེ་ཐེར་ཆེན་ལྔ་ཐོན་སྐྱེད་བྱེད་པའི་ནུས་པ་མེད་པའི་ཀྲུང་དབྱང་སྔོན་རྩིས་ཁྲོད་ཀྱི་དངུལ་གཏོང་མངོན་འགྱུར་བྱས་པ་དང་མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཡོངས་ཀྱི་ཡུངས་དཀར་ཐོན་སྐྱེད་རྟེན་གཞི་གཙོ་བོ་འཛུགས་སྐྲུན་བྱེད་པར་དོན་སྙིང་གལ་ཆེན་ལྡན་ལ། དེ་མིན་ད་རུང་མཚོ་སྔོན་ཞིང་ཆེན་གྱིས་ཉིས་སྟོང་ཉི་ཤུ་ལོར་ཐོན་པ་ན་སྤྱི་ཆིངས་འབུམ་གཉིས་དང་ཁྲི་དྲུག་གི་ཚད་གཞི་མཐོ་བའི་ཞིང་ས་དང་སྒོར་ཐེར་ཆེན་བཞིའི་ཐོན་ལས་འཛུགས་པར་ནུས་པ་གལ་ཆེན་ཐོན་ཐུབ། མིག་སྔར། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་དངོས་སུ་རྒྱལ་ཁབ་ཀྱི་དངུལ་གཏོང་འཆར་གཞི་བརྩོན་ལེན་བྱེད་བཞིན་ཡོད་པ་དང་། འབྲེལ་ཡོད་སྡེ་ཁག་ལ་ཐོག་མའི་འཆར་གཞིའི་ཞིབ་མཆན་བྱ་བ་བཟང་བོར་སྒྲུབ་ནས་བཟོ་སྐྲུན་སྔ་མོ་ནས་འཛུགས་སྐྲུན་བྱེད་མགོ་རྩོམ་པ་དང་ལས་འགན་དུས་ལྟར་ཡོངས་འགྲུབ་བྱེད་པ། དུས་ཐོག་ཏུ་ཕན་ནུས་འདོན་སྤེལ་བྱེད་པར་སྐུལ་འདེད་གཏོང་བཞིན་ཡོད།