མཚོ་སྔོན་ཞིང་ཆེན་གྱི་སྡེ་ཁག་བཅུ་གཅིག་གིས་མཉམ་འབྲེལ་སྒོས་ལག་བསྟར་བསམ་འཆར་དཔར་ནས་བཀྲམ་སྟེ་ཞིང་ཆེན་ཡོངས་ཀྱི་བདེ་ཐང་སྐུལ་སྤེལ་དང་སློབ་གསོར་ཤུགས་སྣོན་བྱེད་རྒྱུ་རེད།
2017.07.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 7

གསར་འགོད་པས་ཟླ7པའི་ཚེས12ཉིན་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས་ཨུ་ཡོན་ལྷན་ཁང་ནས་རྒྱུན་ལོན་པ་ལྟར་ན། མིག་སྔར། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སློབ་གསོ་ཐིན། ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་ཁོར་ཡུག་སྲུང་སྐྱོབ་ཐིན། ཞིང་ཆེན་བཟོ་ཚོང་ཅུའུ། ཞིང་ཆེན་རིག་གནས་གསར་འགྱུར་དཔེ་སྐྲུན་ཐིན། ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ། ཞིང་ཆེན་ལུས་རྩལ་ཅུའུ། ཞིང་ཆེན་ཀྲུང་བོད་ལུགས་སྨན་རྫས་དོ་དམ་ཅུའུ། ཞིང་ཆེན་ཚན་རྩལ་མཐུན་ཚོགས་བཅས་སྡེ་ཁག་བཅུ་གཅིག་གིས་ཞིང་ཆེན་ཡོངས་ཀྱི་བདེ་ཐང་སྐུལ་སྤེལ་དང་སློབ་གསོར་ཤུགས་སྣོན་བྱེད་པའི་སྐོར་གྱི་ལག་བསྟར་བསམ་འཆར་དཔར་ནས་བཀྲམ་སྟེ། སྟོབས་ཤུགས་གཅིག་སྒྲིལ་གྱིས་དམངས་ཡོངས་ཀྱི་བདེ་ཐང་ལ་སྐུལ་སྤེལ་བྱེད་པ་དང་། 2020ལོར་ཐོན་དུས་ཞིང་ཆེན་ཡོངས་ཀྱི་སྡོད་དམངས་ཀྱི་བདེ་ཐང་གི་ཆུ་ཚད་བརྒྱ་ཆའི་བཅུ་དྲུག་གིས་ཇེ་མཐོར་འགྲོ་བ་མ་ཟད། ཚན་རིག་གི་བདེ་ཐང་ལྟ་བ་ལྡན་པའི་མི་འབོར་གྱི་བསྡུར་ཚད་བརྒྱ་ཆའི་ལྔ་བཅུར་སླེབས་པ་གསལ་བོར་བསྟན།

རྒྱུས་ལོན་པ་ལྟར་ན། ལག་བསྟར་བསམ་འཆར་ནི་མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་དང་བདེ་ཐང་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་དངོས་འབེབས་བྱེད་པའི་འགུལ་སྐྱོད་ཕྱོགས་སྟོན་ཡིན་ཞིང་། རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་པ་དང་། གྲོན་དངུལ་འགན་སྲུང་རྒྱ་བསྐྱེད་པ། ལྟ་སྐུལ་དཔྱད་ཞིབ་སྲ་སྒྱུར་བྱེད་པ་གསུམ་དམ་འཛིན་བྱས་ནས། དམིགས་ཚད་གྲངས་བཅད་དང་འགན་ཁུར་ཞིབ་ཕྲ་ཅན་དུ་སྒྱུར་བ། ལས་འགན་དངོས་མར་སྒྱུར་བ་རེད། བསམ་འཆར་ལས2020ལོར་ཐོན་དུས་བདེ་ཐང་གི་འཚོ་བ་རོལ་སྟངས་དང་བྱ་སྤྱོད་ཕལ་ཆེར་ཡོངས་ཁྱབ་ཏུ་ཁེབས་པ་དང་། མི་དམངས་མང་ཚོགས་ཀྱི་སྲུང་སྐྱོབ་དང་རང་ཉིད་ཀྱི་བདེ་ཐང་ལ་སྐུལ་སྤེལ་བྱེད་པའི་འདུ་ཤེས་དང་ནུས་པ་མཐོར་འདེགས་ཅུང་ཆེན་པོ་འབྱུང་བ། བདེ་ཐང་སྐུལ་སྤེལ་དང་སློབ་གསོ་བྱ་བའི་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་ཐེབས་པ། བདེ་ཐང་གི་ཐོན་སྐྱེད་འཚོ་བར་ཕན་པའི་ཁོར་ཡུག་ཐོག་མ་གྲུབ་པར་བྱེད་པ། གྲོང་ཁྱེར་དང་ཁུལ་ཚང་མ་ལས་ཁུངས་སུ་བྱས་ཏེ། བདེ་ཐང་རིག་གནས་ཚན་རིག་ཁྱབ་གདལ་སྟེགས་བུ་ཁྱོན་ཡོངས་ལ་ཁྱབ་པ་དང་། བདེ་ཐང་སྐུལ་སྤེལ་འཛུགས་སྐྲུན་བྱེད་པའི་ཆུའུ་དང་རྫོང་། སློབ་གྲྭ ལས་ཁུངས། ཁེ་ལས། སྡོད་ཁུལ་བཅས་སོ་སོར་བརྒྱ་ཆའི་བཅུ་གཉིས་དང་བརྒྱ་ཆའི་སོ་དྲུག་ལ་སླེབས་པ་དང་། བདེ་ཐང་ཡར་སྐུལ་སྨན་ཁང་འཛུགས་སྐྲུན་བྱས་ནས་རིམ་པ་གཉིས་པ་ཡན་གྱི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཁྱོན་ཡོངས་ལ་ཁྱབ་པ་མངོན་འགྱུར་བྱེད་དགོས་པའི་རེ་བ་བཏོན།