གཟའ་འཁོར་འདིའི་ནང་ཟི་ལིང་དང་ཤར་ཕྱོགས་ས་ཁུལ་ལ་མུ་མཐུད་དུ་ཚ་བ་ཆེ་བའི་གནམ་གཤིས་རྒྱུན་སྲིང་བྱེད་རྒྱུ་རེད།
2017.07.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 7

 མཚོ་སྔོན་ཞིང་ཆེན་གནམ་གཤིས་རྟོག་དཔྱོད་ཁང་གི་རྒྱུ་ཆ་གསར་བ་ལྟར་ན། ཟླ་བདུན་པའི་ཚེས་བཅོ་བརྒྱད་ཉིན་གྱི་ཕྱི་དྲོའི་དུས་ཚོད་ལྔའི་བར་དུ། ཟི་ལིང་གྲོང་ཁྱེར་མཁར་ཤར་ས་ཁུལ་གྱི་ཆེས་མཐོ་བའི་དྲོད་ཚད་དྲོད་གྲངས་སོ་དྲུག་གྲངས་ཆུང་བདུན་ལ་སླེབས་པ་དང་མིན་ཧོ་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་ཀོན་ཐིན་གྲོང་རྡལ་གྱི་དྲོད་ཚད་དྲོད་གྲངས་སོ་ལྔ་དང་གྲངས་ཆུང་གཅིག ཧྭ་ལུང་ཧོས་རིགས་རང་སྐྱོང་རྫོང་ཚའི་མགུར་གྲོང་རྡལ་གྱི་དྲོད་ཚད་དྲོད་གྲངས་སོ་དྲུག་དང་གྲངས་ཆུང་གཅིག་ལ་སླེབས། ཚོད་དཔག་བྱས་པ་ལྟར་ན། གཟའ་འཁོར་འདིའི་ནང་ཟི་ལིང་དང་ཤར་ཕྱོགས་ས་ཁུལ་ལ་མུ་མཐུད་དུ་ཚ་བ་ཆེ་བའི་གནམ་གཤིས་རྒྱུན་སྲིང་བྱེད་རྒྱུ་རེད།

གནམ་གཤིས་ཆེད་མཁས་པ་ཚོས་འབྲེལ་སྡེ་ཁག་གིས་བྱེད་ཐབས་ནུས་ལྡན་སྤྱད་དེ་ཆུ་གྲོན་ཆུང་གིས་ཞིང་སར་ཆུ་གཏོང་བ་དང་ཐན་འགོག་སོགས་ཞིང་སའི་དོ་དམ་ལ་ཤུགས་སྣོན་བྱེད་པའི་ཐད་ཀྱི་བྱ་བ་བཟང་བོར་སྒྲུབ་དགོས་པའི་དྲལ་སྐུལ་བྱས།